སྲས་བསྟན་འཛིན་དེད་དཔོན།

 

སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེའི་སྲས་ཆུང་བ་བསྟན་འཛིན་དེད་དཔོན་ནི་ཕྱི་ལོ་༡༩༧༧ ལོར་ཡབ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་། མ་ཚེ་དབང་སྒྲོལ་དཀར་གཉིསཀྱི་སྲས་སུ་སྐྱེས།  ༡༩༩༥ ལོར་དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་འཛིན་རིམ་ ༡༡ ། ༡༢ རྒྱ་གར་སློབ་གྲྭ་ནས་སྤྱངས། ༢༠༠༠ ལོར་ཅན་དྷི་གྷར་མཐོ་སློབ་ནས་ B.A ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། ༢༠༠༡ ནས་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དགོན་པ་གསར་བཞེངས་ཀྱི་ལས་འགན་བཞེས་པ་དང་། ཕྱི་རྒྱལ་ཡུལ་གྲུ་དུ་མར་ཐེངས་མང་པོར་ཕེབས་ཏེ་དགོན་པའི་ཕྱག་ལས་གནང།  ༢༠༠༩ ནས་དྷ་ས་ས་གནས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས། ནོར་གླིང་མདོ་སྟོད་ཟློས་གར་ཚོགས་པའི་ཚོགས་གཙོ། ལྷུན་གྲུབ་འཆི་མེད་དགའ་གླིང་དགོན་པའི་ཕྱག་མཛོད་ཀྱི་འགན་ཁུར་བཞིན་པ་བཅས་ཁོང་གི་ངོ་སྤྲོད་མདོར་བསྡུས་སུ། །

 

ནོར་གླིང་མདོ་སྟོད་མི་མང་དང་ནོར་གླིང་ཉེ་འཁོར་གྱི་མདོ་སྟོད་སེར་སྐྱ་མི་མང་ཐུན་མོང་ནས་ལྷག་བསམ་རྣམ་དག་གིས་འགྲེམས་སྤེལ་བྱས།

Share this:
༡༦༠ ཀློག་གྲངས།