བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གསལ་བསྒྲགས།

གསལ་བསྒྲགས།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལས་ཁུངས་ཆེད་སྤྱི་ཁྱབ་འགན་འཛིན་ཞིག་གསར་བསྐོ་བྱ་རྒྱུའི་དགོས་ངེས་ཆ་རྐྱེན།

 

༡༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རམ་འབྱམས་པ་(Graduate)ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།

༢༽ ཉམས་མྱོང་། སྤྱི་ཁྱབ་འགན་འཛིན་གནས་རིམ་ཆེད་ཉུང་མཐར་ལོ་༣ ལས་ཀའི་ཉམས་མྱོང་དགོས།

༣༽ རྒྱུགས་གཞི། བོད་ཡིག་དང་ཨིན་ཡིག་གཉིས་ཀྱི་ཐོག་འབྲི་རྒྱུགས་དང་། ངག་རྒྱུགས་ལེན་རྒྱུ།

 

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་པའི་རིགས་ནས་འདི་ག་ལས་ཁུངས་སུ་རང་གི་(Resume) ནང་རང་ཉིད་ཀྱི་ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང་། གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་པ་ཞིག་དང་།

 

༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༡ (one passport size)

༢༽ དྭངས་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས།

༣༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་(RC)གྱི་ངོ་བཤུས།

༤༽ ཁེ་ཕན། ཟླ་རེར་གསོལ་ཕོགས་སྒོར་༣༠,༨༥༠.༠༠ (Gross Pay) དང་། ཉིན་༤༠ གུང་སེང་ཐོབ་ཐང་ཡང་ན་དངུལ་བསྒྱུར། གསོག་དངུལ། གཟིགས་གསོལ། ལེགས་གསོལ། ལས་ཤག་བཅས་ཡོད།

༥༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་བྱ་མེད་པའི་ངོས་སྦྱོར་(No Objection Letter) ངོ་བཤུས་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་མཉམ་འབྲེལ་ལས་ཁང་དང་ས་གནས་འགོ་འཛིན་ཡང་ན་རྒྱ་གར་ཆེས་མཐོའི་ལས་བྱེད་(Gazette Officer) གང་རུང་ཞིག་ནས་རང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༨ ཟླ་༡༡ ཚེས་༢ ཉིན་རྒྱབ་ཆུ་ཚོད་༥ པ་འགྱངས་མེད་གཤམ་གསལ་ལས་ཁུངས་ཁ་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་གློག་འཕྲིན་(E-mail) ཡང་ན་ཁ་དཔར་བརྒྱུད་ཡིག་རྒྱུགས་ཀྱི་བརྡ་ལན་སྤྲོད་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལས་ཁང་ནས་༢༠༡༨ ཟླ་༡༠ ཚེས་༣ ལ།།

 

Federation of Tibetan Cooperatives in India ltd.,

CA Site 10, SMV Layout,

3rd Block Sonnenahalli, Ullal Upanagar Post,

Banglore-560110.

Phone: +91-7760712345

E-mail: office@nyamdel.com

 

 

 

Job Announcement

 

Job Vacancy Announcement for the post of Chief Executive Officer (C.E.O) of Federation of Tibetan Co-operatives (FTCI) based in Bangalore.

 

Salary and other benefits:

Gross Pay: 30,858

Leave:  40 days (Leave Balance En cashable)

PF/ Gratuity/Bonus/ medical allowance/Free Accommodation

Education:Graduated

 

Applicants are required to submit the following documents:

  • Resume with cover letter.
  • Attested copy of applicant’s valid Green book and Registration Certificates (RC).
  • Attested copy of degree certificate and mark sheet.
  • Original medical certificate with photograph from certified doctor.
  • Character certificate from your local Settlement officer.
  • No objection letter if the applicant is currently employed.

Application deadline: Before 5PM, 2nd November 2018.

Share this:
༣༦༡ ཀློག་གྲངས།