བཀའ་ཁྲིའི་འོས་མི་ཀརྨ་ཆོས་འཕེལ་མཆོག

༼གླ་ཡོད་གསལ་བསྒྲགས།༽

བཀའ་ཁྲི་འོས་མི་ཀརྨ་ཆོས་འཕེལ་མཆོག་ནི།  ༡༩༤༩ ལོར་མངའ་རིས་སྐྲ་བདུན་དུ་འཁྲུངས།  ༡༩༥༩ ལོར་བཙན་བྱོལ་དུ་ཕེབས།  ༡༩༦༠ ལོར་ལམ་བཟོར་ཡོད་མུར་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་གིས་རྡ་ས་བུ་ཁྱིམ་དུ་སློབ་འཇུག་གནང་སྟེ་བོད་དབྱིན་སློབ་སྦྱོང་འགོ་འཛུགས་དང་། དེ་རྗེས་མ་སུ་རི་གཏན་སློབ་ཏུ་ཆེད་གཏོང་གིས་སློབ་སྦྱོང་གནང་སྟེ་ ༡༩༧༠  ལོར་འགོར་འཛིན་རིམ་བཅུ་གཅིག་ཐོན་པ་དང་།  ལོ་དེ་རང་དུ་ལྡི་ལི་ཧིན་རྡུ་མཐོ་སློབ་ནང་དབྱིན་སྐད་སློབ་ཚན་སློབ་སྦྱོང་གནང་མུར་ལོ་དེའི་ཕྱི་ཟླ་ ༡༠ པར་བཞུགས་སྒར་རྡ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་དབུ་འབྱེད་ཚོགས་ཆེན་ལ་བཅར་བ་དང།  དེ་རྗེས་ལྡི་ལི་ས་གཞོན་ནང་ལས་ཁུར་མང་དག་ཞུས་ཏེ་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ད་ཡོད་སློབ་གྲྭ་ཐོག་མར་འགོ་འཛུགས་ཀྱི་ལས་དོན་དང་།  ལྡི་ལི་ཁུལ་ཆབ་སྲིད་དང་།  གཙང་འཕྲོད་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ།

karmachoepelwoumuམཐོ་སློབ་ཐོན་རྗེས་རང་གཞུང་ནས་ ༡༩༧༣  ལོར་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་འཕྲལ་སེལ་དགེ་རྒན་ལ་ཆེད་གཏོང་དང་། སྦེང་ལོ་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ཐོན་རྗེས་སྦེལ་ཀོབ་ནང་སླར་ཡང་དགེ་རྒན་གྱི་ལས་ཁུར་བཞེས་ཡོད།  ༡༩༧༧  ནས་ ༡༩༨༣ བར་ལས་ཡུན་གཉིས་དང།  ཡང་ ༡༩༨༦ ནས་ ༡༩༨༩ བར་བཅས་ལོ་དགུའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དུ་འདེམས་ཐོན་བྱུང་བ་དང།  ༡༩༨༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་བཞེས་ཏེ་གཞོན་ནུའི་ཚོགས་ཆེན་ལྡི་ལིར་ཚོགས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆར་ཐོག་མའི་གོམ་པ་སྤོ་ཐུབ་པ་བྱུང་།   ༡༩༨༡ ལོ་ནས་སིམ་ལ་གཏན་སློབ་ཀྱི་བོད་རིགས་སློབ་སྤྱིའི་ལས་ཁུར་ཐོག་ལོ་བཞི་ཙམ་རིང་རང་གཞུང་ནང་སྲིད་ལས་ཁུངས་ནས་སིམ་ལ་རྫོང་ཁོངས་སུ་ཡོད་པའི་བོད་མིའི་བདེ་དོན་གྱི་ལས་འགན་གནང་བ་ཕོགས་མེད་ཐོག་སྲི་ཞུ་བསྒྲུབས།  དུས་ཡུན་དེའི་རིང་སིམ་ལ་དང།  ཁ་ར་པ་ཐར་སོགས་ས་ཁུལ་ཁ་འཐོར་གནས་པའི་མི་མང་རྣམས་ཀུ་སུམ་ཌི་ལག་ཤེས་བཟོ་གྲྭའི་ས་ཁོངས་སྡོད་ཁང་གསར་རྒྱག་གི་ལས་གཞི་འགོ་འཛུགས་ཐུབ་པ་བྱུང་བ་དང་།  སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་དགོན་པ་གསར་བཞེངས་གནང་ཡུལ་ས་ཆ་མང་ཚོགས་ཀྱི་འདོད་མོས་ལྟར་ཕུལ་ཐུབ་པ་བྱུང་།  ༡༩༨༧ ནས་ ༡༩༨༩  བར་མ་སུ་རི་བོད་གཞུང་གཏན་སློབ་ཀྱི་སློབ་སྤྱིའི་ལས་འགན་བཞེས།

༡༩༩༠ ལོར་༸གོང་ས་མཆོག་ནས་སྐབས་ ༡༡ པའི་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཞིག་ཏུ་འགྱུར་རྒྱུའི་དགོངས་བཞེས་ཡོད་པ་ལྟར།  སྐབས་བཅུ་གཅིག་པའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ནས་བཟུང་སྐབས་བཅུ་གཉིས་པ།  སྐབས་བཅུ་གསུམ་པ།  སྐབས་བཅུ་བཞི་པ་བཅས་ཀྱི་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་བ་མ་ཟད།  སྤྱི་འཐུས་རྒྱུན་ལས་དང།  ཆེད་འཛུགས་ཞིབ་འཇུག་ཚོགས་ཆུང་ཁག  འཆར་རྩིས་ཚོགས་ཆུང་སོགས་ཚོགས་ཆུང་ཁག་གི་ནང་ལས་ཁུར་སྣ་མང་བཞེས་ཡོད་པ་དང།  དེ་བཞིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ལས་ཁུར་ཞུས་ཡོད་པ་སོགས་ཀྱི་ལོ་རྒྱུས་འདི་བཞིན་བོད་གཞུང་གི་ཤེས་བྱ་དུས་དེབ་ལ་ཁུངས་བཅོལ་ཏེ་བསྒྲིགས་པ་ཡིན།  
མདོར་ན་ཁོང་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་ངོ་ཉི་ཤུའི་གྲོས་ཚོགས་ཀྱི་བྱུང་རིམ་ལོ་རྒྱུས་དེབ་ཐེར་ནང་བོད་ཀྱི་རྩ་དོན་ཐོག་འགན་ཁུར་ལྡན་པའི་འབུར་དོད་རང་བཞིན་གྱི་སྤྱི་མི་ཚད་ལྡན་ཞིག་ཡིན་པ་མ་ཟད།  དུས་རྒྱུན་དུ་ཆེན་པོའི་ངོ་སྲུང་དང།  གཞན་ཟེར་རྗེས་ཟློས་དང་གཡམ་རྒྱུགས་ཙམ་མིན་པར་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཤ་ཚ་རྨ་མེད་པ་དང་།  ཆོལ་ཁ་ལུང་ཚན་གྱི་ཕྱོགས་རིས་མེད་པ་མ་ཟད།  ཕྱི་ནང་གི་ཤེས་བྱའི་མཁྱེན་རྒྱ་ཡངས་ཤིང་ཆབ་སྲིད་གོ་རྟོགས་ཚད་དང་ལྡན་པའི་བོད་ཀྱི་རྩ་དོན་རྩོད་ལེན་པ་ཞིག་ཡིན་པས།  ༢༠༡༡ ལོའི་བཀའ་བློན་ཁྲི་པར་ཡིད་ཆེས་བློ་གཏད་ཀྱིས་འདེམས་ཆོག་པ་ཡིན་པས་རྒྱ་ཆེའི་མི་མང་ནས་དེ་དོན་དགོངས་བཞེས་ཀྱིས་བཀའ་བློན་ཁྲི་པར་འདེམས་གནང་ཡོང་བའི་གཞེན་སྐུལ་དུ་ཆོལ་གསུམ་སེར་སྐྱ་མི་མང་ཁག་ཅིག་གིས་ཕུལ། འབྲེལ་གཏུགས་ཞལ་དཔར་ཨང། ༠༨༠༥༠༢༧༠༩༠༠/ ༠༩༦༢༠༢༠༡༠༠༩

Share this:
༡༠༩ ཀློག་གྲངས།