གཞོན་ལྷན་གྱི་ལས་འགུལ་བ་བཀག་ཉར།

ཟླ་འདིའི་ཚེས་༢༣ ཉིན་རྒྱལ་ས་ལྡི་ལིར་རྒྱ་ནག་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་ཀྲོ་ཁེ་ཀྲི་(Zhao Kezhi) དང་འཐུས་མི་ཁག་ཅིག་རྒྱ་གར་དུ་གཟིགས་སྐོར་ལ་འབྱོར་གྱི་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག གཞོན་ནུའི་ལས་འགུལ་བ་རྣམས་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་མི་བོད་ནས་ཕྱིར་ལོག་དགོས་པ་དང་། ང་ཚོར་རང་དབང་དགོས། ང་ཚོར་ཞི་བདེ་དགོས་པ་སོགས་ཀྱི་སྐད་འབོད་ངོ་རྒོལ་བྱས་སྟབས། གཞོན་ནུའི་ལས་འགུལ་བ་༣༥ ལྷག་ཙམ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༨༨ ཀློག་གྲངས།