གྲྭ་དབང་འདུས་རྒྱ་མཚོར་ཁྲིམས་ཐག་ལོ་བཅུ་གསུམ་བཅད་འདུག

ད་བར་ཆབ་མདོར་ཡོད་པ་ཙམ་ལས་ཉེ་འབྲེལ་སུ་དང་ཐུག་འཕྲད་བྱེད་བཅུག་མེད་པས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་རུང། ཕྱི་ལོ་༢༠༡༠ ཟླ་༩ ཚེས་༨ ཉིན་ཆབ་མདོ་མི་མང་ཁྲིམས་ཁང་ནས་གྲྭ་དབང་འདུས་རྒྱ་མཚོ་ལ། དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་བཅུ་གསུམ་བཅད་ཡོད་པ་རེད།

གྲྭ་དབང་འདུས་རྒྱ་མཚོ་ནི་ཕྱི་ལོ་༡༩༨༤ ལོར་ཁམས་གོ་འཇོ་གླིང་ཆུང་ར་ས་གྲོང་དུ་ཕ་པད་མ་ཡེ་ཤེས་དང་མ་ཚེས་དགའ་གཉིས་ཀྱི་བུར་སྐྱེས། གཅེན་གཅུང་མིང་སྲིང་བཅུ་ཡོད་པའི་ནང་ལྔ་པ་དེ་ཡིན་ཞིང། ཆུང་དུས་ནས་གོ་འཇོ་ར་རྒྱ་དགོན་པའི་ཆོས་སྒོར་ཞུགས་ཤིང་དགོན་དེར་འདོན་རྟ་དབྱངས་སོགས་ཆོ་ག་ཕྱག་ལེན་ལེགས་པ་སྦྱངས་རྗེས། དཔལ་ཡུལ་དུ་བཤད་གྲྭར་ཕེབས་ནས་དེ་གར་བཤད་གྲྭའི་འཛིན་རིམ་ལྔ་པའི་བར་སློབ་གཉེར་གནང་ཡོད་པ་རེད།

ཁོང་གི་ཕ་པད་མ་ཡེ་ཤེས་སྔོན་མ་བོད་ཀྱི་དུས་འགྱུར་སྐབས། རྒྱ་གཞུང་གིས་གསར་བརྗེ་ངོ་ལོག་པའི་མིང་ཐོག་ནས་ལོ་མང་རིང་བཙོན་འཇུག་བྱས་ཡོད་པ་དང། ཕྱིས་སུ་བཙོན་གྲོལ་བྱུང་རྗེས་རིམ་པར་རྒྱ་གཞུང་གི་ལས་བྱེད་པ་ཞིག་ཏུ་གྱུར་ཡོད། ན་ནིང་བུ་དབང་འདུས་རྒྱ་མཚོས་ངོ་རྒོལ་སྐད་འབོད་བྱས་རྗེས་ཕ་ཡང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་ཡོད་པ་རེད།།

གནས་ཚུལ་མཁོ་འདོན་པ་གྲྭ་དབང་འདུས་རྒྱ་མཚོ་ལགས་ཀྱི་གཅེན་པོ་ཨ་པད་སྐལ་བཟང་།

{jcomments on}

Share this:
༥༣ ཀློག་གྲངས།