འདས་པོ་ཚེ་དབང་ནོར་བུ་དྲན་གསོའི་ལྷན་འཚོགས།

རྒན་ཚེ་དབང་ནོར་བུ་སྐུ་གྲོངས་པ་དང་། ཁོང་གི་སྤུན་མཆེད་ཨ་ཅག་གཉིས་དང་བཟའ་ཟླ་དྷ་སར་ཕེབས་པ་དང་སྟབས་བསྟུན། ཟླ་འདིའི་ཚེས་༥ ཕྱི་དྲོ་དྷ་ས་མེག་གྷན་དུ་དྲན་གསོའི་མྱ་ངན་ལྷན་འཛོམས་ཤིག་འཚོགས་ཡོད་པ་རེད། 

དེ་ཡང་འདས་པོ་ཚེ་དབང་ནོར་བུའི་གྲོགས་པོ་དྷ་སར་གནས་སྡོད་བྱེད་མཁན་ཁག་ཅིག་གིས་དྲན་གསོའི་ལྷན་ཚོགས་དེ་གོ་སྒྲིག་བྱས་ཡོད་པ་དང་། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡི་ཤེས་ཕུན་ཚོགས་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་བློ་བཟང་ཡི་ཤེས། མཁས་དབང་བཀྲ་ཤིས་ཚེ་རིང་། རྩོམ་པ་པོ་དང་བོད་རང་བཙན་ལས་འགུལ་བ་ལྷ་བཟང་ཚེ་རིང་། ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད། 

རྒན་ཚེ་དབང་ནོར་བུས་དུས་རྒྱུན་བོད་རང་བཙན་ལས་འགུལ་དང་གསར་འགོད་པའི་ཕྱག་ལས་གནང་གི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༨ ཚེས་༡༦ ཉིན་འཇར་མན་དུ་སྐུ་གྲོངས་ཡོད་པ་རེད། ཁོང་ཆུང་ཆུང་སྐབས་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དང་། སློབ་སྦྱོང་རིམ་པ་བྱས་རྗེས་བོད་དོན་རྒྱབ་སྐྱོར་བ་འཚོལ་སྒྲུབ་དང་བོད་རང་བཙན་ལས་འགུལ་གྱི་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་ནང་རོགས་ཚོགས་འཚོལ་རོགས་དང་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར། 

Share this:
༧༤༩ ཀློག་གྲངས།