དགའ་བའི་འཚོ་བ་ཞེས་པའི་དཔེ་དེབ་སྐད་ཡིག་ཉེར་ལྔའི་ནང་བསྒྱུར།

ཡོངས་དགེ་མི་འགྱུར་རིན་པོ་ཆེས་མཛད་པའི་<<དགའ་བའི་འཚོ་བ་>>ཞེས་པའི་དཔེ་དེབ་དེ་ནང་ཆོས་དང་ཚན་རིག་གི་སྐོར་ཡིན་པ་དང་། ཐོག་མར དབྱིན་ཡིག་ཐོག་བྲིས་རྗེས། གྲགས་པ་དཔལ་བཟང་གིས་བོད་ཡིག་ཏུ་བསྒྱུར་བ་བོད་ཀྱི་དཔེ་མཛོད་ཁང་ནས་ཀུན་ཕན་དེབ་ཕྲེང་༣ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་རེད།

དཔེ་དེབ་དེ་བོད་བསྒྱུར་བྱེད་མཁན་གྱི་གཏམ་ནང་འཁོད་པ་ལྟར་ན། དགའ་བའི་ཚོར་བ་ཞེས་པའི་དེབ་འདི་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རི་པོ་ཆེས་མི་ལོ་བཅུ་ཕྲག་གཉིས་ཀྱི་རིང་ཕྱི་རྒྱལ་གྱི་ཡུལ་གྲུ་སུམ་ཅུ་ལ་ཉེ་བ་ཞིག་ཏུ་སྒོམ་གྱི་མྱོང་ཁྲིད་གནང་བ་དང་ནུབ་ཕྱོགས་ཚན་རིག་པ་མང་པོ་དང་བགྲོ་གླེང་གནང་བ་རྣམས་རྩོམ་པ་པོ་ཨེ་རིན་(Eric Swanson) ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པ་ཕྱི་ལོ་༢༠༠༧ ཨ་རི་ཧར་མོ་ནེ་དཔར་སྐྲུན་ཁང་(Harmony Books) གིས་ཐེངས་དང་པོ་དཔར་དུ་བཏབ་པ་ལོ་དེར་ཨ་རིའི་ནང་དཔེ་དེབ་སྙན་གྲགས་ཆེ་ཤོས་བཅུའི་གྲས་སུ་སླེབས། བརྗོད་བྱ་ཉིན་རེའི་འཚོ་བའི་ནང་ཕན་ཆེ་བ། རྗོད་བྱེད་ཀྱི་ཚིག་འགྲོས་གོ་བདེ་བ། བརྗོད་གཞི་དུས་ཐོག་ལ་ར་འཕྲོད་པ་བཅས་གནད་དོན་འདི་གསུམ་གྱིས་དེབ་འདིའི་སྙན་པའི་གྲགས་པ་འཇིག་རྟེན་གྱི་ཡུལ་གྲུ་ཀུན་ལ་ཁྱབ་སྟེ་ད་ཆ་སྐད་ཡིག་ཉེར་ལྔའི་ནང་བསྒྱུར་ཚར་ཡོད་འདུག །

Share this:
༨༦༣ ཀློག་གྲངས།