བཙོན་འོག་གི་རྩོམ་པ་པོ་རྗེས་དྲན་ཆེད་མེ་དཔུང་ཁྲོད་ཀྱི་སྙན་ངག

ཟླ་འདིའི་ཚེས་༡༥ ཉིན་གྱི་དགོང་མོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག དྷ་སའི་རི་སྒང་དྷ་རམ་ཀོ་ཊི་རུ་བཙོན་འོག་གི་རྩོམ་པ་པོར་རྗེས་དྲན་ཞུ་བའི་<<ནགས་ཚལ་ཁྲོད་ཀྱི་བོད་ཀྱི་སྙན་ངག་དང་གླུ་དབྱངས་མཚན་ཚོགས་>>ཤིག་འཚོགས་ཡོད་པ་རེད།
བཙན་གནོན་འོག་གི་བོད་ཀྱི་རྩོམ་པ་པོར་རྗེས་དྲན་གྱི་འདུ་འཛོམས་དེའི་ཐོག བོད་པ་དང་རྒྱ་གར་བ། ཕྱིའི་རྒྱལ་རྒྱལ་ཁབ་ཁག་འདྲ་མིན་གྱི་མི་རིགས་བསྡོམས་བརྒྱ་ཙམ་མཉམ་ཞུགས་བྱས་པ་དང་། ཤིང་ནགས་གསེབ་ཏུ་མེ་དཔུང་བཏང་ནས། སྙན་ངག་པ་དང་། གླུ་བ། ལས་འགུལ་བ་སོགས་ཀྱིས་སོ་སོའི་འདོད་མོས་ལྟར་སྐད་ཡིག་འདྲ་མིན་ཐོག་འཐབ་རྩོད་དང་འབྲེལ་བའི་སྙན་ངག་སྒྲོགས་སྦྱང་དང་། གླུ་གཞས་གཏོང་བ་བཅས་བྱས་ཡོད་པ་རེད་ལ། རྩོམ་པ་པོ་བུ་ཆུང་བསོད་ནམས་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་བོད་ཀྱི་རྩོམ་པ་པོ་ཆབ་སྲིད་བཙོན་པ་དང་བཙོན་ཟུར་རྣམས་ཀྱི་སྙན་ངག་དབྱིན་སྒྱུར་མ་དང་བོད་ཡིག་གཉིས་ཐོག་ནས་སྒྲོགས་སྦྱང་བྱས་ཡོད་པ་རེད། 

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོ་རྗེས་དྲན་ཉིན་མོ་ནི་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་༡༩༨༡ ལོར་གཏན་འབེབས་བྱས་པ་དང་། ལོ་ལྟར་དུས་དྲན་དེ་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༡༤ ཀློག་གྲངས།