སྨན་པའི་ས་དམིགས་གསལ་བསྒྲགས།

མོན་གྷོ་འབྲས་བློ་གླིང་གྲྭ་ཚང་སྨན་ཁང་ནས་གསལ་བསྒྲགས་ཞུ་དོན། འདི་ག་སྨན་ཁང་དུ་བོད་རིགས་ཕྱི་ལུགས་སྨན་པ་ཞིག་དགོས་མཁོ་འདུག་ན། དེ་དོན་ལས་སྣེ་འདིར་ཞུགས་འདོད་ཡོད་ཚེ་གཤམ་འཁོད་འབྲེལ་གཏུགས་སུ་གང་མྱུར་འབྲེལ་བ་ཡོང་བ་ཞུ།

 

དགོས་མཁོ་ཆ་རྐྱེན།

༡༽       གཙོ་བོ་ MDཡང་ན་ MBBSཐོན་པ་དགོས།

༢༽       དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་མེད་པ་རང་ཁོངས་ས་གནས་འགོ་འཛིན་གྱི་ངོས་སྦྱོར་དགོས།

༣༽      སྤྱི་སྒེར་གང་དུ་ཕྱག་ལས་གནང་མུས་ཡིན་ཚེ་ལས་ཁུངས་དེ་ནས་རྩོད་རྙོག་མེད་པའི་ངོས་སྦྱོར་དགོས།

༤༽      དེ་སྔ་སྨན་པའི་ཕྱག་ལས་གནང་བའི་ཉམས་མྱོང་ནི་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ།

མཐུན་རྐྱེན།

༡༽       གསོལ་ཕོགས་ཡིད་ཚིམས་པ་འབུལ་རྒྱུ།

༢༽       ཆ་རྐྱེན་འཛོམས་པའི་བཞུགས་ཁང་ཞལ་ལག་འབུལ་རྒྱུ།

 

འབྲེལ་གཏུགས་ཁ་བྱང།

 

Loseling Hospital

Tibetan Colony, Mundgod

N.K.-581411, Karnataka

Mob: 9845774365 / 9663752976 / 9035724591

E-mail: lamamedical123@yahoo.com

 

Share this:
༡༥༩ ཀློག་གྲངས།