མདོ་ཁམས་རེ་ཁེའི་ལོ་རྒྱུས་སྤྱི་ཡི་ཁོག་འབུབས་ནོར་བུའི་དོ་ཤལ།

མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བརྩམས་པའི་<<མདོ་ཁམས་རེ་ཁེའི་ལོ་རྒྱུས་སྤྱི་ཡི་ཁོག་འབུབས་ནོར་བུའི་དོ་ཤལ་>>ཞེས་པ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་འདུག དེབ་དེའི་ལོ་ཚིགས་ནི་ཏུན་ཧོང་ཡིག་ཆ་དང་འབྲེལ་བའི་དེང་སང་གྲགས་ཆེ་བ་དེ་ཉིད་བཀོད་ཡོ་པ་དང་། བོད་ཀྱི་ལོ་རྒྱུས་རྙིང་པ་དག་གི་བཤད་སྲོལ་བཞིན་འཛམ་བུའི་གླིང་གི་སྣོད་བཅུད་གྲུབ་ཚུལ་དང་། བོད་ཀྱི་སྣོད་བཅུད་ཆགས་ཚུལ། རེ་ཁེའི་ཡུལ་གྱི་ལོ་རྒྱུས་བརྗོད་པར། དེ་ཡང་ལེའུ་གསུམ་གྱི་བདག་ཉིད་དེ། ལེའུ་དང་པོར་ལོ་རྒྱུས་སྤྱིར་བཤད་པ། ལེའུ་གཉིས་པར་རེ་ཁེའི་ལྗོངས་སུ་ཆོས་བྱུང་ཚུལ་བྱེ་བྲག་བཤད་པ། ལེའུ་གསུམ་པར་རེ་ཁེའི་ལོ་རྒྱུས་ཁྱད་པར་དུ་བཤད་པ་བཅས་ཀྱི་སྒོ་ནས་སྤྱིར་རགས་ཙམ་བརྗོད་པ་དང་། རེ་ཁེ་དང་འབྲེལ་བ་ཡོད་པའི་སྐོར་ཞིབ་ཙམ་བྲིས་ཡོད་སྐོར་རྩོམ་པ་པོའི་གླེང་བརྗོད་ནང་འཁོད་འདུག །

Share this:
༦༩༢ ཀློག་གྲངས།