བོད་རྒྱ་རྩོམ་པ་པོ་མཉམ་རུབ་ཀྱིས་ཐའེ་ཝན་ལ་རྒྱབ་སྐྱོར་གསལ་བསྒྲགས་སྤེལ།

ཉེ་ཆར་བོད་རྒྱ་རྩོམ་པ་པོ་མཉམ་རུབ་ཀྱིས་མིང་རྟགས་བཀོད་པའི་ཐེ་ཝན་ལ་རྒྱབ་བསྐྱོར་གྱི་གསལ་བསྒྲགས་ཤིག་ཐའེ་ཝན་གྱི་ཚགས་ཤོག་ཆེ་ཤོས༼རང་དབང་གི་དུས་བབ༽སྟེང་བཀོད་ཡོད་པ་དང་། གསལ་བསྒྲགས་དེ་བོད་ཡིག་ཐོག་ནང་དོན་མདོར་བསྡུས་དོན་ཚན་བཞི་ཡོད་པ་རེད།

༡ ཐའེ་ཝན་གྱིས་མངའ་ཁོངས་སྲུང་སྐྱོབ་ཆེད། རང་ཐག་རང་གཅོད་དང་ཐའེ་ཝན་སྲིད་འཛིན་གྱིས་རྒྱ་དམར་གཞུང་ལ་ལན་བཏབ་པར་རྒྱབ་བསྐྱོར་ཡོད།
༢ རྒྱ་དམར་གཞུང་གིས་ཐའེ་ཝན་བཙན་བཟུང་བྱེད་འདུན་བསྒྲགས་ཀྱིན་པ་ནི་དོན་དངོས་སུ་མི་རིགས་རིང་ལུགས་ཀྱི་བསམ་བློ་བེད་སྤྱོད་ཀྱིས་རྒྱ་ནག་དམངས་གཙོར་འགྱུར་བའི་འགོག་རྐྱེན་དུ་བཀོལ་བཞིན་པ་ཡིན་པས། དེ་ལ་ཐ་གཅིག་ཏུ་ངོ་རྒོལ་ཡོད།
༣ ཐའེ་ཝན་ནི་ཨེ་ཤ་ཡའི་ནང་མི་དམངས་ཀྱིས་དམངས་གཙོ་བརྩད་ནས་ལེགས་འགྲུབ་བྱུང་བའི་མིག་དཔེ་ཡིན་པས། རང་དབང་རྒྱལ་ཁབ་ཡོངས་ལ་ཐའེ་ཝན་སྲུང་སྐྱོབ་ཀྱི་འགན་ཡོད།
༤ ཐའེ་ཝན་གྱིས་བཙན་འཛུལ་པའི་མདུན་དུ་མཐུན་སྒྲིལ་བྱེད་གལ་ཆེ། དེ་ལས་ལྡོག་སྟེ་ཐའེ་ཝན་རྒྱ་ནག་གི་འོག་དུ་ཚུད་ན། ཅི་ཞིག་འབྱུང་མིན་ཐད། རྒྱ་ནག་གིས་བོད་དུ་བཙན་འཛུལ་འོག བཙན་གནོན་བཟོད་དཀའ་བ་ལ་རྒོལ་ཆེད། གཅེས་པའི་རང་ལུས་ཚུན་ཆད་མེར་བསྲེག་དགོས་པའི་མིག་མདུན་གྱི་ལོ་རྒྱུས་ལས་བསླབ་བྱ་ལེན་དགོས།། མ་ཡིག་འདིར་ཡོད།

མིང་རྟགས་བཀོད་མཁན་རྩོམ་པ་པོ་གཙོ་བོ་མཁས་དབང་ཡོན་ཧོང་པེ། སྤོ་ཆུང་ཚང་དོན་གྲུབ་ལྷ་དར། ཨ་ཚོགས་ཀླུ་མཁར་བྱམས། ཐོ་ལོ་སུང་། ཅང་ཅེ་ཧྲིན། ལྷ་སྡེ་གནམ་ལོ་ཡག་སོགས་ཀྱིས་༢༠༡༩ ལོའི་ཕྱི་ཟླ་༡ ཚེས་༡༤ ཉིན་སྤེལ།

Share this:
༡༠༨༦ ཀློག་གྲངས།