དབྱིན་ཇི་བུད་མེད་ཅིག་གིས་ཁྱི་༣༠༠ ལྷག་ཙམ་གྱི་ཚེ་སྲོག་བསྐྱབས་འདུག

ཕྱི་ལོ་༢༠༡༩ ཟླ་བ་༡ ཚེས་༣༠ ཉིན་ཨེ་ཤི་ཡའི་དུས་བབ་བརྒྱུད་ནས་གསར་འགྱུར་སྤེལ་གསལ་ལ། དབྱིན་ཇི་བུད་མེད་ཀེར་རི་ཨེ་ལིམ་མན་ (Kerry Elliman ) ཞེས་པས་རྒྱ་ནག་གི་ཤ་ཁྲོམ་ཁག་ནས་ཁྱི་༣༠༠ ལྷག་ཙམ་ཞིག་གི་ཚེ་སྲོག་བསྐྱབས་ཏེ་དབྱིན་ཡུལ་དང་། ཨ་མེ་རི་ཀའི་ནང་གནས་སྤོས་བྱས་འདུག

མེ་ཊོ་ཡུ་ཀེ་(Metro UK) བརྒྱུད་ལམ་ནས་གནས་ཚུལ་སྤེལ་གསལ། ལོ་༤༠ ཡིན་པའི་དབྱིན་ཇི་བུད་མེད་དེ་ནི་གཞན་ཕན་ཚོགས་པ་ཞིག་ནང་གི་ལས་མི་ཡིན་པ་དང་། ཕྱི་ལོ་༢༠༡༧ ལོ་ནས་མོས་ཁྱི་སྲུང་སྐྱོབ་བྱེད་རྒྱུའི་ལས་གཞི་ཞིག་འགོ་བཙུགས་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི། ཤ་ཁྱི་དང་རྔོན་ཁྱི་མང་པོ་ཞིག་རྒས་ཏེ་ལས་ཡོལ་ཆགས་རྗེས་ཁྲིམས་འགལ་ཐོག་ནས་རྒྱ་ནག་ལ་བཏང་དང་གཏོང་བཞིན་ཡོད་པར་སྲུང་སྐྱོབ་བམ་ལྟ་སྐྱོང་བྱེད་རྒྱུ་རེད་འདུག

ཀན་ཊི་ཀེན་གཞན་ཕན་ཚོགས་པའི་རྒྱ་ནག་གཅིག་པུར་ཁྱི་ལྟ་སྐྱོང་བྱེད་རྒྱུ་དང་། བདེ་འཇགས་ཡོད་པའི་ཁོར་ཡུག་ཏུ་གནས་སྤོ་རྒྱུ་བཅས་དབྱིན་སྒོར་༨༠༠༠ (US$10,490) ཙམ་གྱི་འགྲོ་སོང་བཏང་བ་མ་ཟད། དར་རས་སྤུ་མ་བཟོ་སླད་དོམ་གསོད་བཞིན་ཡོད་པ་བཅས་ལ་ཡང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་གནས་ཚུལ་བསྒྲགས་འདུག ཀེར་རི་ཨེ་ལིམ་མན་གྱིས་བརྗོད་པར། ངའི་ཆོས་ཁག་ཤོས་ནི་ཁྱི་ཚང་མའི་ཚེ་སྲོག་སྐྱོབ་ཐུབ་ཀྱི་མེད་པ་དེ་ཡིན། དཔེར་ན། ཐེངས་གཅིག་ཁྱི་༢༠ བཤའ་རར་གསོད་ལ་ཉེ་བའི་དུས་སྐབས་ཞིག་ལ་ཚེ་ཐར་གཏོང་རོགས་ཟེར་རྒྱུ་ལ་སོགས་པ་དཀའ་ངལ་ཆེན་པོ་ཡོད་སྐོར་གསུངས་འདུག

རྒྱ་ནག་ནི་འཛམ་བུ་གླིང་ནང་ཁྱི་ཤ་ཕོན་ཆེ་ཤོས་ཟ་མཁན་ཝེ་ཏི་ནམ་རྗེས་ནས་གཉིས་པ་དེ་ཡིན་པ་དང་། ཕྱི་ལོ་༢༠༡༨ ལོར་ཝེ་ཏི་ནམ་གྲོང་ཁྱེར་གཙོ་བོ་ཧན་ནོ་ཨེ་ནང་གྲོང་ཁྱེར་གྱི་མཚན་མཐོང་ཕྱིར་མི་མང་ལ་ཁྱི་ཤ་ཟ་མི་ཆོག་པའི་ཛ་དྲག་གསལ་བསྒྲགས་བཏང་ཡོད་འདུག །

ལྷ་མོས་གནས་ཚུལ་བསྒྱུར་སྒྲིག་བྱས།

 

Share this:
༡༩༧༦ ཀློག་གྲངས།