བོད་པའི་ལོ་སར་སྤྲོ་སྐྱིད་མེད་པའི་མི།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་རྒྱ་གར་ལ་སྐྱབས་བཅོལ་ཡོང་བ་དང་། ཁོང་གིས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་ལོ་སར་སྤྲོ་སྐྱིད་མི་གཏོང་བར་ཉིན་དེར་རྒྱ་ནག་ལ་ངོ་རྒོལ་ཆེད་ཟས་བཅད་་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟར། དེང་སྐབས་ཁོང་ཨོ་སི་ཁྲི་ལི་ཡར་ནས་ལས་འགུལ་དེ་མུ་མཐུད་ནས་སྤེལ་བཞིན་འདུགད་ལོ་ཁོང་གིས་བོད་རང་བཙན་ཡིན་པའི་ཡིག་ཆ་དང་པར་རིས་འགྲེམས་སྟོན་དང་སྦྲགས་ཟས་བཅད་ལས་འགུལ་དེ་ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་(Western Australia city Perth) དུ་སྤེལ་ཡོད་པ་དང་། ཁོང་གི་འགྲེམས་སྟོན་ནང་འཁོད་དོན། བོད་རང་བཙན་གཙང་མ་ཡིན། བོད་རྒྱ་ནག་གི་ཆ་ཤས་མིན། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་ཁྲིམས་འགལ་ཡིན། རྒྱ་ནག་ལ་བོད་ནང་དབང་བསྒྱུར་བྱེད་རྒྱུའི་ཐོབ་ཐང་གང་ཡང་མེད། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་དེར་བོད་མི་ས་ཡ་དྲུག་གིས་ངོས་ལེན་གཏན་ནས་མེད། རྒྱ་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེ་སྐྱག་རྫུན་རེད། རྒྱ་ནག་གི་དྲག་པོའི་བཙན་འཛུལ་ནི་ཞི་བའི་བཅིངས་གྲོལ་མིན། རྒྱ་ནག་གིས་བོད་ལ་དྲག་གནོན་བྱེད་བཞིན་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། རྒྱ་ནག་གིས་བོད་ལ་མི་སེར་སྤེལ་བའི་སྲིད་ཇུས་དེ་མཚམས་འཇོག་དགོས། རྒྱ་ནག་གིས་བོད་ནང་གི་གཏེར་ཁ་སྔོག་འདོན་བྱས་དང་བྱེད་བཞིན་པ་དེ་མཚམས་འཇོག་དགོས། རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་མི་ཆོག རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་མི་ཆོག རྒྱ་ནག་གིས་ཤར་ཏིར་ཀི་སི་ཐན་མི་དམངས་ལ་གཉའ་གནོན་དང་མི་ཆོས་དང་བྲལ་བའི་དབང་བསྒྱུར་བྱེད་སྟངས་ངེས་པར་དུ་མཚམས་འཇོག་དགོས། རྒྱ་ནག་གིས་ལྷོ་སོག་གམ་ནང་སོག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ངེས་པར་དུ་མཚམས་འཇོག་དགོས། བོད་ཀྱི་རྒྱལ་ཁབ་སླར་གསོ་བ་ཚོས་རྒྱ་ནག་རང་དབང་དམངས་གཙོར་འགྱུར་བར་རྒྱབ་བསྐྱོར་གཙང་མ་རྒྱག་གི་ཡོད།

བསྟན་པ་དར་རྒྱས་ཀྱིས་རྒྱ་ནག་གིས་བོད་དབང་བསྒྱུར་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སྐབས་ཨོ་སོ་ཁྲི་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ས་གནས་སུ་ཡོང་ནས་ལྟ་སྐོར་རྒྱུས་ལོན་བྱས་ཡོད་པ་རེད།

Share this:
༡༤༣༣ ཀློག་གྲངས།