སྐུ་ཞབས་ཨཱ་ཛིམ་པེ་རེམ་གྱི་མཚན་འཛམ་གླིང་གཏོང་ཕོད་ཅན་རྩེ་ཕུད་ཀྱི་ཁོངས་སུ་འཁོད།

རྒྱ་གར་གྱི་ཚོང་པ་དང་འབྱོར་ལྡན་པའམ་ཐེར་འབུམ་གྱི་བདག་པོ་ཨ་ཛིམ་པེ་རེམ་གྱིས་ཉེ་ཆར་དབྱིན་སྒོར་འཐེར་འབུམ་༧.༥ ($7.5bn) ཐམ་པ་གཞན་ཕན་ལ་ཞལ་འདེབས་རྒྱག་རྒྱུ་ཁས་ལེན་བྱས་ཡོད་པ་དང་། ཁོང་གིས་དངོས་སུ་ཁྱོན་སྡོམ་ཧིན་སྒོར་ཁྲག་ཁྲིག་ཆེན་མོ་༡.༤༥ (Rs1.45tn =$21bn; £15.8bn) ཞིག་གཞན་ཕན་རོགས་རམ་ཞལ་འདེབས་གནང་ནས་འཛམ་གླིང་གི་གཏོང་ཕོད་ཕོན་ཆེ་ཤེས་ལྔའི་ནང་མཚན་ཐོའི་ནང་འཁོད་འདུག

ཕྱི་ལོ་༢༠༡༩ ཟླ་བ་༤ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་གར་གྱི་བརྡ་ཆས་རིག་པའམ་བཟོ་རྩལ་རིག་པའི་ཕྱུག་བདག་གམ་ཡང་ན་མ་རྩ་ཆེན་པོ་འཛུགས་མཁན་སྐུ་ཞབས་ཨཱ་ཛིམ་པེ་རེམ་ཇི་(Azim Premji) ཡིས་གཞན་ཕན་ལ་ཞལ་འདེབས་ཧིན་སྒོར་ཁྲག་ཁྲིག་ཆེན་མོ་(1.45tn rupees) ཐམ་པ་གནང་པས་ཁོང་གི་མཚན་སྙན་གོ་ལ་འདིའི་ཐོག་ཉམ་ཐག་ལ་རོགས་རམ་ཞལ་འདེབས་གནང་མཁན་ཆེ་ཤོས་གྲས་ཆགས་པ་དང་། སྤྱིར་ཁོ་རང་འཛམ་གླིང་གི་ཕྱུག་ཤོས་བིལ་དང་། མེ་ལིན་ཌ་ག་ཊེ་སེ་(Bill and Melinda Gates) ལ་སོགས་པར་འབྱོར་ལྡན་པ་ལྔའི་ནང་མཚན་འཁོད་མེད་པ་མ་ཟད། བྷུ་ལོམ་བར་(the Bloomberg Billionaires Index ranks him at 51) ཞེས་པའི་འབྱོར་བདག་རེའུ་མིག་གི་ནང་ཨང་༥༡ གྲས་སུ་ཚུད་ཡོད་པ་རེད་འདུག

ཁོང་ནི་རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་མོན་བྷེའི་ནང་སྤྱི་ལོ་༡༩༤༥ ལོར་འཁྲུངས་པ་དང་། ཁོང་དགུང་ལོ་༢༡ སྐབས་ལ་སི་ཊེན་ཕོ་ཊི་གཙུག་ལག་སློབ་གཉེར་ཁང་(Stanford University) བསྐྱུར་ནས་ཁོང་གི་ཕས་བཙུགས་པའི་ཝི་པརོ་(Wipro) ཁེ་ལས་ཁང་དུ་འཛུལ་བ་དང་། སླར་ཡང་ཕྱིར་ལོག་བྱས་ཏེ་སློབ་གཉེར་གནང་བར་བརྟེན་ཕྱི་ལོ་༢༠༠༠ ལོ་གཙུག་ལག་སློབ་ཐོན་བྱུང་བ་དང་། དེའི་རྗེས་མུ་མཐུད་དེ་སར་ལྟར་ཕྱག་ལས་གནང་བ་དང་། ཁོང་གི་ཝི་པརོ་ཀམ་པུ་ནི་འོག་ལ་ཚལ་སྣུམ་དྭངས་འབྱེད་བཟོ་གྲྭ་ཞིག་ཡོད་པ་དེ་ནི་རྒྱ་གར་ནང་གི་བཟོ་གྲྭ་ཆེ་ཤོས་དང་ལམ་འགྲོ་ཆེ་ཤོས་གྲས་ཤིག་རེད་འདུག

སྤྱིར་སྐུ་ཞབས་ཨྭ་ཛིམ་པེ་རེམ་ནི་དཔལ་འབྱོར་ཐེར་འབུམ་བདག་པོ་ཞིག་ཡིན་པ་མ་ཟད། ཤེས་འཇོན་གཉིས་ལྡན་གྱི་མཁས་པ་ཞིག ལྷག་པར་དུ་མི་མང་པོར་ཕན་ཐོགས་ཆེ་བའི་བྱམས་ལྡན་གཏོང་ཕོད་ཅན་ཞིག་ཀྱང་རེད་འདུག  ཡིན་ནའང་ཁོང་གི་རྒྱུན་གཏན་འཚོ་བའི་ཁྲོད་རྒྱས་སྤྲོས་བྱེད་རྒྱུར་དགའ་བོ་མེད་པ་མ་ཟད། ཡར་མར་ཕེབས་དུས་ཀྱང་མི་དམངས་དཀྱུས་མ་ལྟར་འཁྱོགས་འཁོར་(rickshaw) ནང་འཛུལ་ནས་ཕེབས་ཀྱིས་ཡོད་པ་དང་། ཁོང་གི་རྒྱུ་ནོར་ལ་བསྲི་ཚགས་གནང་སྟངས་སོགས་ལ་ཁོང་དང་འདྲ་བའི་འབྱོར་བདག་མང་པོ་ཞིག་མིག་བུ་ལྟ་བུ་ཡིན་པར་བརྟེན། ཁོང་ལ་བསྟོད་བསྔགས་དང་ཡི་རངས་བྱེད་མཁན་ཧ་ཅང་མང་པོ་ཡོད་འདུག

ཡིན་ན་ཡང་ཁོང་ནི་ཚན་སྙན་གྲགས་ལ་དགའ་བོ་མེད་པས། མི་དམངས་ལ་གཏམ་བཤད་བྱེད་རྒྱུ་དང་། སྤྱི་ཚོགས་དྲ་ལམ་ཁག་ལ་ཐོན་རྒྱུ་ནི་ཧ་ཅང་དཀོན་པོ་ཡིན་སྐོར་བརྗོད།

ཁོང་གིས་གཞན་ཕན་ཕྱིར་ཞལ་འདེབས་ཕོན་ཆེན་ལ་ཚན་རྟགས་བཀོད་དགོས་དོན་ནི། ཁོང་གི་མི་ཚེའི་ཁྲོད་གལ་གནད་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་སྤྲོད་མཁན་ཨ་མ་དང་། གཞན་ཡང་སེམས་གཏིང་ནས་ཤུགས་རྐྱེན་ཐེབས་འཇུག་མཁན་ཚེ་མེད་ཞི་བའི་ལྟ་གྲུབ་འཛིན་མཁན་བདག་ཉིད་ཆེན་པོ་གྷན་དྷི་ཡིས་དཔལ་འབྱོར་ལྟ་གྲུབ་འཛིན་སྟངས་(trusteeship) ཞེས་པ་ལས་སེམས་འགུལ་ཐེབས་བྱུང་ཞེས་གསུངས་འདུག ལྟ་གྲུབ་དེ་ནི་ཕྱུག་བདག་ཚོའི་རྒྱུ་ནོར་གཞན་ཕན་ཚོགས་པར་གང་རུང་ལ་ཞལ་འདེབས་གནང་དེའི་བདག་ཉར་བྱས་ཏེ་ཉམ་ཐག་གམ་སྤྱི་བའི་ཕན་བདེ་སྒྲུབ་ཕྱིར་བེད་སྤྱོད་གཏོང་བཞིན་ཡོད་འདུག སྤྱིར་བཏང་རྒྱ་གར་ནང་ཁོང་ལྟ་བུའི་བྱམས་སེམས་ཅན་མང་པོས་རང་ཉིད་ཀྱིས་ཚེ་གང་བསགས་པའི་རྒྱུ་ནོར་གཞན་ཕན་མི་མང་སྨན་ཁང་དང་། སློབ་གྲྭ་དང་། ཉམ་ཐག་སྤྱི་ཐབ་ཁག མཚན་རིག་ཉམས་ཞིབ་ཁང་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་པའི་མ་དངུལ་ལ་སོགས་པ་ཕྱོགས་གང་ཅི་ཐད་ནས་རོགས་རམ་གནང་མཁན་མང་པོ་ཡོད་པའི་ནང་དཔེ་རེ་འགའ་བཀོད་པ་ན། རང་ཉིད་ཀྱི་རྒྱུ་ནོར་བརྒྱ་ཆ་50% ཐམ་པ་རོགས་རམ་ཞལ་འདེབས་གནང་མཁན་ཨཱ་ཊི་ཐེར་འབུམ་གྱི་བདག་པོ་(IT billionaires) ནེན་ལྡན་དང་། རོ་ཧིན་ནི་ནིལ་ལེ་ཀེན་ནི་(Nandan and Rohini Nilekani) དང་། ད་དུང་སྒེར་གྱི་རྒྱུ་ནོར་བརྒྱ་ཆ་75% ཐམ་པ་གཞན་ཕན་ཕྱིར་ཞལ་འདེབས་ཁས་ལེན་བྱེད་མཁན་ཐེར་འབུམ་བདག་པོའམ་ཁེ་ལས་པ་བཱ་ཡོ་ཀོན་(Biocon) ཀམ་པ་ནི་ཡི་ཚོགས་གཙོ་དང་བཀོད་འདོམས་པ་གཅིག་ཕྱོགས་ཡིན་པ་ལྕམ་ཀི་རེན་མྭ་ཛུམ་ཌར་ཤོའོ་ (Kiran Mazumdar-Shaw) བཅས་ཁོང་ཚོ་ནི་ཁ་ཙམ་མ་ཡིན་པའི་རང་ལས་གཞན་བཅེས་འཛིན་བཞིན་སྦྱིན་པའི་བདག་པོ་ངོ་མ་ཞིག་རེད་འདུག །

གསར་འགོད་སྦྱོང་བརྡར་བ་ལྷ་མོས་བསྒྱུར་སྒྲིག་བྱས།

Share this:
༡༤༢༡ ཀློག་གྲངས།