རྒྱ་རིགས་ཚོར་དམིགས་བསལ་བཀའ་ཆོས།

membersofteaching_1དེ་ཡང་ཐེ་ཝན་ནས་ལོ་ལྟར་༧གོང་ས་མཆོག་གི་སྐུ་མདུན་དུ་གསུང་ཆོས་ཞུ་བར་བཅར་མཁན་མང་པོ་ཡོད་པ་དང། ད་ཐེངས་དམིགས་བསལ་གྱིས་མང་དུ་སོང་ཡོད་པ་རེད། ༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་མ་གནང་བའི་སྔོན་དུ། ཐེ་ཝན་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་ག་ཚོད་ཡོད་མེད་ཕྱག་བརྐྱངས་བཅུག་སྐབས། མང་ཆེ་བ་གསར་དུ་ཕེབས་མཁན་རེད་འདུག དེ་བཞིན་གསུང་ཆོས་ཀྱི་གོ་སྐབས་འདི་དང་བསྟུན་ནས། རྒྱ་ནག་སྐམ་ས་ཆེན་པོ་ནས་མི་གྲངས་༡༡ སླེབས་ཡོད་པ་རེད།

ད་ཐེངས་ཀྱི་གསུང་ཆོས་འདིའི་ནང་། ཐེ་ཝན་ནས་ཕེབས་པའི་དད་ལྡན་པ་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་མི་འདྲ་བ་༥༧ ཙམ་ནས། དད་ལྡན་ཆོས་ཞུ་བ་མི་སྣ་༡༠༨༦ ཙམ་འབྱོར་ཡོད་པ་དང། དེ་དག་ལ་རྒྱ་སྐད་དང་དབྱིན་སྐད། ཉི་ཧོང་གི་སྐད། ཀོ་རི་ཡའི་སྐད། ཝེ་ཊི་ནཱམ་བཅས་ཀྱི་སྐད་སྒྱུར་གནང་མཁན་མི་འདྲ་བ་ཁག་༥ གྲ་སྒྲིག་གནང་འདུག དེ་བཞིན་དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང། རྒྱ་གར་ལྷོ་ཕྱོགས་སོགས་ནས་ཕེབས་པའི་གྲྭ་བཙུན་སོགས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཁྲི་གཅིག་མ་ཟིན་ཙམ་འདུ་འཛོམས་བྱུང་ཡོད་པ་རེད།།

{jcomments on}

Share this:
༡༦ ཀློག་གྲངས།