ཆོས་དབྱིངས་སྐྱིད་ལ་རྒྱལ་སྤྱིའི་འགྲོས་རྩལ་འགྲན་སྡུར་ལས་སླར་ཡང་ཨང་དང་པོ་ཐོབ་འདུག

ངས་འགྲན་ཞུགས་འདིའི་ཁྲོད་ནས་ཡང་བསྐྱར་ཨང་དང་པོ་ཐོབ་པའི་རེ་བ་བྱས་པ་ཡིན་ལ་ཐེའེ་ཚང་ནང་གི་འགྲན་སྡུར་དེ་ནས་གསེར་གྱི་རྟགས་མ་འཐོབ་པར་སྒུག་བཞིན་ཡོད་ཅེས་ཆོས་དབྱིངས་སྐྱིད་ཀྱིས་བརྗོད་ཡོད་པ་རེད།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་དུ།  ༢༠༡༩ ལོ ཟླ་༤ ཚེས་༧ ཉིན་ཕོར་ཅི་གྷལ་དུ་འཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སློང་འགྲན་སྡུར་ཟེར་བའི་ཁྲོད་དུ། བོད་ཀྱི་འགྲོས་རྩལ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་བར་ཐག་སྤྱི་ལེ་༢༠ ཡོད་པའི་བུད་མེད་འགྲོས་རྩལ་འགྲན་སློང་འགྲན་སྡུར་ཁྲོད་ནས་ཨང་དང་པོ་བླངས་ཡོད་པ་དང་། དེ་ནི་ཁོང་གིས་འགྲན་སྡུར་རྣམས་གྲངས་དུ་མར་མཉམ་ཞུགས་བྱས་པ་ལས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཨང་དང་པོ་ལེན་ཐེངས་གསུམ་པ་དེ་ཡིན་འདུག
འགྲན་སྡུར་དེའི་སྐབས་སུ་ཆར་རླུང་ཆེ་བར་བརྟེན་འགྲན་ཞུགས་བྱེད་མཁན་རྣམས་ཀྱི་ལུས་ཤུགས་ཟད་ནས་དཀའ་ལས་འཕྲད་མཁན་ཧ་ཅང་མང་ཡང་། ཆོས་དབྱིངས་སྐྱིད་ཀྱིས་འགྲན་ཡ་རྣམས་རེ་རེ་ནས་བཞག་སྟེ་མཐར་ཐེངས་འདིར་ཨང་གཉིས་པ་ཐོབ་མཁན་ཨེ་ཊ་ལིའི་བུ་མོ་དེ་ལས་སྐར་ཆ་༣༨ གྱིས་སྔོན་དུ་ཐོན་ཏེ་འགྲན་ཡ་ཀུན་ལས་རྣམ་པར་རྒྱལ་བ་བྱུང་ཡོད་འདུག ད་ཐེངས་ཀྱི་རྒྱལ་ཁ་ཐོབ་པའི་དུས་ཡུན་ནི་༢༠༡༢ ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་རྒྱལ་ཁ་ཐོབ་པའི་དུས་ཡུན་དང་བསྡུར་ན་སྐར་ཆ་༡༢ གྱིས་དལ་བར་རྗོད་ཀྱི་ཡོད་འདུག

ཆོས་དབྱིངས་སྐྱིད་ནི ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དང་། ཁོང་ ༢༠༡༠ ཟླ་ ༧ པའི་ནང་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་ ༣༠ པའི་ཐོག་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། དེ་སྔའི་ཨེ་ཤ་ཡའི་འགྲོས་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲོས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འགྲོས་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་པ་རེད། ཟླ༨པའི་ཚེས ༢༩ ཉིན་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ༢༠ ཡི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ།  ༢༠༡༦ ལོའི་ཀྲུང་གོའི་ལུས་རྩལ་གཟི་བརྗིད་གཟེངས་རྟགས་བླངས།

༢༠༡༨ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འགྲན་འགྲན་སྡུར་ལས་ཕོར་ཅི་གྷལ་སྐྱེས་མའི་འགྲན་སྡུར་ཁྲོད་ཨང་དང་པོ་དང་། ༢༠༡༩ ལོར་ཕོར་ཅི་གྷལ་རྒྱལ་སྤྱིའི་མཆོང་རྒྱུག་གི་འགྲན་སྡུར་ཁྲོད་སླར་ཡང་ཨང་དང་པོ་ཐོབ་པ་དང་དེ་མིན་རྒྱ་ནག་ནང་གི་འགྲན་སྡུར་མང་པོའི་ཁྲོད་ནས་བྱ་དགའ་དུ་མ་བླངས་ཡོད་པ་རེད།

Share this:
༣༩༩ ཀློག་གྲངས།