ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་གྱི་ཡན་ལག་ལས་ཁང་གསར་འཛུགས།

ཟླ་འདིའི་ཚེས་༣ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་དང་ཤར་གཟིམ་ཤག་ཏུ་ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་གྱི་ཡན་ལག་ལས་ཁང་གསར་འཛུགས་བྱས་ཏེ། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་དབུ་འབྱེད་གནང་སོང་།
སྐབས་དེར་ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། ཨ་རིའི་རླུང་ཕྲིན་ལ་སྐད་རིགས་མི་འདྲ་བ་བཞི་བཅུ་ལྷག་ཡོད་པ་དང་། དེ་ནི་ཨ་རི་གཞུང་གིས་འདྲ་མཉམ་དང་མང་གཙོ་འཕེལ་རྒྱས་གཏོང་ཆེད་བཙུགས་པ་ཞིག་ཡིན་པས། གཞུང་གི་སྟངས་འཛིན་མེད་པར་རང་དབང་ཅན་གྱི་གསར་ཁང་ཞིག་ཡིན་སྐོར་དང་། གནས་ཚུལ་ཁ་གསལ་དང་ཕྱོགས་ལྷུང་མེད་པ་ཁྱབ་སྤེལ་བྱེད་ཐབས་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༡༧༩༢ ཀློག་གྲངས།