དབུ་མའི་ལམ་ངོ་སྤྲོད་དང་ས་གནས་རྒྱུན་ལས་གསར་འཛུགས།

ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོར་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་ནས་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག་དགུང་གྲངས་༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན། དབུ་མའི་ལམ་དྲན་གསོ་དང་ས་རྒྱུན་གསར་འཛུགས་ཞེས་པ་ལས་རིམ་ཞིག་སྤེལ་སྤེལ་སོང་།

སྐབས་དེར་མི་མང་དྲུག་ཅུ་ལྷག་མཉམ་ཞུགས་བྱས་འདུག་ལ། དབུ་མའི་ལམ་གྱི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་དང་། ཚོགས་གཞོན་ཆོས་གྲགས་རྒྱ་མཚོ། དངུལ་གཉེར་རྒྱ་མཚོ་བཅས་ནས་དབུ་མའི་ལམ་གྱི་བྱུང་རིམ་དང་གལ་གནད་སྐོར་ལ་གཏམ་བཤད་གནང་སོང་།

དྷ་སའི་ས་གནས་རྒྱུན་ལས་ནང་སྐྱེས་པ་ལྔ་དང་བུད་མེད་ལྔ་བཅས་ཁྱོན་ལས་མི་བཅུ་བསྐོ་བཞག་བྱས་ཡོད་པ་དང་། འབྱུང་གྱུར་གྱི་རྒྱུན་ལས་རྣམས་མང་མོས་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱེད་རྒྱུ་ཡིན་སྐོར་གསུངས་སོང་། །

གསར་འགོད་པ་དཀོན་མཆོག་རབ་བརྟན།

 

Share this:
༡༣༡༤ ཀློག་གྲངས།