གལ་ཏེ་ཏཱ་ལའི་བླ་མ་བུད་མེད་ལ་སྡང་མཁན་ཞིག་རེད་ཟེར་ན།“ང་ཡང་#Metoo” ཇག་ཚོགས་ཐལ་ཆ་ཆེ་སོང་བ་རེད།

གཡུ་ལྡན་ལྷ་ཐོག་གྱིས་བརྩམས།(ལྷོ་རྒྱ་ནག་ཞོགས་པའི་ཚགས་པར་གྱི་སྤྱི་ཁྱབ་གསར་འགྱུར་རྩོམ་སྒྲིག་པ།)

དཀར་མཛེས་བ་བསྟན་འཛིན་ཐོས་བསམ་གྱིས་བསྒྱུར།

གསར་འགོད་ལས་རིགས་ནང་གི་མི་རྣམས་ཀྱིས་སྐབས་རེར་ངོ་ཚ་ཁྲེལ་མེད་དང་། བཟང་སྤྱོད་ལས་འདས་པའི་ངང་གནས་ཚུལ་ལ་སྒྲོ་འདོགས་ཀྱིས་གཞན་ཀྱི་དོ་སྣང་འདྲེན་ཐབས་བྱེད་པ་དེར་ཁོ་བོ་ངོ་ཚ་བའི་གནས་ལས་མ་འདས།

ངས་ཉེ་ཆར་ཏཱ་ལའི་བླ་མར་རྒྱལ་སྤྱིའི་ང་ཡང་(#MeToo)” ཇག་ཚོགས་དང་སྤྱི་ཚོགས་དྲང་བདེན་དཔུང་དམག་གིས་ཉེས་མེད་འཐབ་འཛིང་གཏང་བ་དེའི་སྐོར་གླེང་གི་ཡོད།  དེ་ནི་BBCགསར་ཁང་གིས་ཐུགས་རྒྱ་ཡངས་པའི་བཙན་བྱོལ་དུ་ཡོད་པའི་བོད་མིའི་དབུ་ཁྲིད་ཁོང་ལ་ཆེད་དུ་གནོད་འཚེ་གཏོང་བ་བཞིན།ཁོང་གི་དབུ་ལ་འཐབ་འཛིང་གི་དམིགས་དབེན་བཙུགས།

ཟླ་བ་གོང་མའི་BBCཡི་བཅར་འདྲི་དེའི་ནང་། ནང་པའི་དབུ་ཁྲིད་ཁོང་ལ་དེ་སྔོན་མི་རྣམས་ཀྱི་སྨིན་མ་གྱེན་དུ་འདྲེན་པར་བྱེད་པའི་གསུང་དུམ། མཐོང་སྣང་དོད་པའི་བུད་མེད་ཀྱི་ཡང་སྲིད་ཅིག་ཕེབས་སྲིད་སྐོར་གསུང་མྱོང་བ་དེ་དྲན་སྐུལ་བཏང་སོང།

གལ་ཏེ་བུད་མེད་ཀྱི་ཏཱ་ལའི་བླ་མ་ཞིག་བྱུང་ཚེ།ཁོང་མོ་ནི་མཐོང་དོད་པོ་ཞིག་དགོས།ཞེས་གློ་བུར་དུ་མི་རྣམས་ཀྱི་བློ་ཡུལ་ལས་འདས་སོང་བའི་སྔོན་གྱི་མཚར་གཏམ་དུམ་བུ་དེ་བསྐྱར་དུ་གསུངས། ཁོང་གིས་མི་ཚོས་དེ་ལྟ་བུའི་གསུང་བཤད་དག་རྒྱབ་ལྗོངས་ཀྱི་གནས་སྟངས་དང་སྐད་ཆའི་འགྲོས་ལ་མི་ལྟ་བར་ཨ་རིའི་སྲིད་འཛིན་ཏྲོམ་གོང་ཕུད་ལས།མི་གཞན་སུས་ཀྱང་བཤད་མི་ཆོག་པར་བྱས་པ་མཁྱེན་གྱི་མེད་ཤས་ཆེ། 

སྒལ་ཚུགས་ཅན་དུ་རློམས་པའི་ནུབ་ཕྱོགས་ཀྱི་མི་ཚོས། སྐྱེ་བོ་ཡོངས་ཀྱི་མཐོང་ལམ་དུ་འཇིགས་སྣང་དང་ཁོང་ཁྲོའི་སྨྱོ་གར་ལ་རོལ་ནས་Pumpkin Spice Lattes་གྱི་འཚིག་ཇས་མིད་པ་འགག་པ་དང་།ཀུ་ཤའི་གློག་ཀླད་ཐོག་འཚིག་ཇ་ཡང་བོར།

ཏ་ལའི་བླ་མས་ཁོང་གི་ཡང་སྲིད་བུད་མེད་དེ་ངེས་པར་དུ་མཚར་པོ་ཞིག་དགོས་པར་འདོད།ཞེས་གསར་འགྱུར་གྱི་ཁ་བྱང་གཅིག་ནང་གསལ་བ་བཞིན།ཁོང་ལ་བུད་མེད་ལ་སྡང་མཁན་དང་སྐྱེས་པ་ཕོའི་རིང་ལུགས་པཞེས་ཉེས་འཛུགས་དྲག་པོ་བྱས། 

ཁོང་ཚོས་གཏིང་བརྗེད་སོང་བ་ཞིག་ནི། དུས་རབས་མང་པོའི་རིང་བོད་བརྒྱུད་ནང་བསྟན་གྱི་ཆོས་འབྱུང་ནང་། རྩ་བ་བརྟན་པོ་འཚུགས་ཟིན་པའི་ཆོས་ལུགས་ཀྱི་འགྲོ་སྟངས་དེར་ཁོང་གིས་ཐེངས་དང་པོར་བཅོས་འགྱུར་གྱིས་ཕོ་ཡི་ལུས་རྟེན་གྱི་ཏཱ་ལའི་བླ་མ་བཅུ་བཞིའི་རྗེས་བུད་མེད་ལ་གོ་སྐབས་སྤྲད་གནང་ཡོད་པ་རེད།

ད་དུང་ཁོང་གིས་རང་ཉིད་དམན་ས་བཟུང་བའི་དགོད་གཏམ་དང་དབྱིན་སྐད་ཐོག་གང་ཉིད་ཀྱི་དགོངས་ཚུལ་གསུངས་པར་སྐུ་ངལ་ཆེན་པོས་འབད་བརྩོན་གནང་བ་དེ་ཡང་སྣང་མེད་དུ་བཏང་འདུག རེད་དེ་ཁོང་གིས་སྐད་ཆའི་དགོངས་དོན་ནི་བོད་མི་རྣམས་ལ་ཧ་ཅང་གསལ།གོང་ས་མཆོག་གིས་བོད་མི་མང་ལ་ཕལ་ཆེར་ཁྱོད་ཚོས།ངོས་ལས་ཉམས་དོད་པ་དང་གཟིགས་སྣང་སྤྲོ་བའི་མི་ཞིག་ལ་ཁྱོད་ཚོའི་ཁེ་ཕན་གྱི་ཆེད་དུ་རྒྱལ་སྤྱིའི་ནང་ཚབ་མཚོན་བྱེད་དུ་བཅུག ངོས་ནས་ལོ་ངོ་དྲུག་བཅུ་ལ་འབད་པ་ཡིན།ཅིའི་ཕྱིར་ངོས་རང་ཉིད་ལས་ཐ་དད་པའི་ངོ་གདོང་ཞིག་སྟོན་མི་འོས་སམ།དེ་ཡང་ངོས་ལས་མཐོང་སྣང་དོད་པ་ཞིགཞེས་གསུངས་པ་དང་མཚུངས།

ངས་རྩོམ་འདིས་སོ་སོ་སྐྱེས་དམན་རིང་ལུགས་པའི་སྡང་ཟུག་དང་། སྐུབ་སྟེགས་ཐོག་གི་འཁྲབ་སྟོན་པ་དག་གིས་འབེན་དུ་བསྒྲེངས་པའི་ཉེན་ཁ་ཤེས་ཀྱི་ཡོད། གང་ཡིན་ཟེར་ན་བུད་མེད་ཀྱི་ཕྱིའི་ལུས་ཀྱི་ཆགས་ལུགས་དང་འབྲེལ་བའི་གླེང་སློང་རིགས་ལ་རྒྱབ་ལྗོངས་ཀྱི་གནས་སྟངས་ལ་མ་བསམ་པར། བློ་སྦུག་དོག་པའི་དུས་རབས་འདིས་འཕྲལ་དུ་ཕོ་དྲག་མོ་དམན་རིང་ལུགས་པའི་འཆལ་གཏམ་དུ་འབོད་པས་ཕྱིར།

འོན་ཏེ། ང་ཚོས་ད་ལྟར་གླེང་བཞིན་པ་ནི་ཏཱ་ལའི་བླ་མ་ཡིན་པ་ལས། ཧར་ཝི་ཝིཏ་ཀྲིན(Harvey Weinstein)མ་ཡིན། འདི་ཡང་གུས་ཞབས་ལྡན་པའི་ངང་འབྲེལ་ཡོད་སྐྱོན་བརྗོད་གནང་མཁན་དང་།མི་གཞན་ལ་མིང་ནས་འབོད་མཁན་གྱི་འཐབ་འཛིང་བ་དག་གི་སྙན་དུ་སྒྲོན་རྒྱུ་ཡིན།

བོད་ཀྱི་བུད་མེད་ག་ཚོད་ལ་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱི་གསུང་འདིས་དོ་ཕོག་བྱུང་ཡོད།ངས་ད་ལྟའི་བར་ཁོང་ཚོའི་ཁྲོད་ནས་མི་འདོད་པའི་སྐད་ཆ་གང་ཡང་གོ་མ་སོང་མོད།ཁོང་ཚོའི་ཚབ་ཏུ་དོ་ཕོག་དང་དུ་བླངས་ནས་སྐྱོན་བརྗོད་ཀྱི་རྟ་དབྱངས་འཐེན་མཁན་དག་ལ་ཡང་ངའི་རྣ་ལམ་ཡངས་པོར་ཕྱེས་ཡོད།

བདུན་འདིར་དགུང་གྲངས་གྱ་བཞིར་ཕེབས་པའི་ནོ་སྦེལ་ཞི་བདེའི་དེད་དཔོན་ཁོང་ལ་གནོན་ཤུགས་སྤྲད་ནས་དགོངས་སེལ་ཞུ་རུ་བཅུགདེ་ཡང་འཛམ་གླིང་ཞི་བདེའི་ཆེད་དུ་ཡིན་ངེས།  སྐུ་སྒེར་ཡིག་ཚང་གིས་ཡིག་ཆ་ཞིག་བཀྲམས་པ་དེའི་ནང་ཁོང་གིསཕོག་ཐུག་སོང་བའི་མི་ཚང་མར་ཞལ་ཞེ་གཉིས་མེད་ཀྱིས་དགོངས་སེལ་ཞུཞེས་དང་།

མཚམས་རེར་གྲ་སྒྲིག་མ་གནང་བར་ཐད་ཀར་གསུང་གནང་བའི་སྐད་ཆ་ཁ་ཤས་རིག་གཞུང་གཅིག་གི་ནང་དགོད་བྲོ་བོར་ཡོད་རུང་། སྐད་ཡིག་གཞན་ནང་དགོད་བྲོ་བོ་ཆགས་ཀྱི་མེད་ཅེས་ཡིག་ཆ་དེས་འགྲེལ་བཤད་བསྐྱོན་འདུག

ད་ཁྱོད་ཚོ་དགའ་བོ་བྱུང་ངམ།ཁྱོད་ཚོས་གཞན་ལ་གནོད་འཚེ་སྤངས་པའི་དགེ་སློང་བགྲེས་པོ་ཞིག་མཐའ་ལ་བཀར་ནས་སྐྱེས་དམན་རིང་ལུགས་ཀྱི་མཆོད་བཤམ་གྱི་ངོས་སུ་རྡུང་རྡེག་བཏང་སོང་། སངས་རྒྱས་སྟོང་གི་བྱིན་རླབས་ཁྱོད་ཚོར་འཇུག་པར་ཤོག

བློ་སྦུག་དོག་པའི་དུས་སྐབས་འདིས་ཁོ་བོ་ལ་ཧན་ག་རིར་འཁྲུངས་པའི་དབྱིན་ཇིའི་གསར་འགོད་པ་དང་དགོད་གཏམ་སྨྲ་བ་ཇོར་ཇི་མཧ་ཀིས་ཕྱི་ལོ་༡༩༦༤ལོར་ཇི་ལྟར་ཕྱི་མི་ཞིག་བྱ་དགོསཞེས་པའི་དེབ་ཆུང་དེའི་ནང་གི་དུམ་མཚམས་ཤིག་དྲན་དུ་བཅུག ཁོང་་གིསསྤྱང་གྲུང་དོད་པ་དང་གདེང་ཚོད་ཆེན་པོས་སྐད་ཆ་ཤོད་པ་ནི་གུས་ལུགས་མེད་པའི་གཤིས་སྤྱོད་ཅིག་རེད། ཁྱོད་ཀྱིས་བསམ་པར་གཉིས་དང་གཉིས་བསྡོམས་ན་བཞི་ཡིན་ངེས་མོད། ཁྱོད་ཀྱིས་དེ་ལྟར་གདེང་ཚོད་ཁེལ་བའི་ངང་བརྗོད་མི་རུང་སྟེ། འདི་ནི་མང་གཙོའི་རྒྱལ་ཁབ་ཡིན་པས་གཞན་ལ་དེ་ལས་ལྡོག་པའི་བསམ་བློ་ཡོད་ངེས་པས་སོ།

ངས་རྩོམ་ཡིག་འདི་བྲིས་པར་ཁྱོད་ཚོར་དགོངས་སེལ་མི་ཞུ་ཐག་གཅོད་ཡིན།ད་ནི་༢༠༡༩རེད། བོད་མི་ཚང་མ་འཕྲེང་བ་བགྲངས་ཤིང་། མ་ཎིའི་འཁོར་ལོ་བསྐོར་མཁན། དྲྭ་ཐོག་གི་འཇིགས་སྐུལ་ལ་སྐྲག་མཁན་གྱི་འཚེ་མེད་རིང་ལུགས་པ་རྐྱང་མིན།

Share this:
༡༣༩༦ ཀློག་གྲངས།