ཨ་རིས་རྒྱ་ནག་གཞུང་ལ་“ཇག་པའི་སྲིད་གཞུང”ཞེས་བོས་པ།

 ཟླ་འདིའི་ཚེས་༩ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།རྒྱ་ནག་གིས་ཧོང་ཀོང་གི་ངོ་རྒོལ་བའི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱེད་མཁན་གྱི་ཨ་རིའི་ཕྱི་འབྲེལ་མི་སྣ་ཞིག་གི་འདྲ་པར་དང་།ལོ་རྒྱུས།ད་དུང་མི་སྣ་དེའི་བྱིས་པའི་མིང་བཅས་ཕྱིར་བསྒྲགས་བྱས་སྟབས།ཨ་རིའི་རྒྱལ་སྲིད་ལས་ཁུངས་ནས་རྒྱ་ནག་ལ་ཇག་པའི་སྲིད་གཞུངཞེས་བོས་འདུག དེ་ཡང་རྒྱུན་ལྡན་མ་ཡིན་པའི་སྐྱོན་བརྗོད་ཚབས་ཆེན་དེ་ཨ་རྒྱའི་ཚོང་དམག་དང་།ཞི་བདེ་རྒྱ་མཚོའི་ནང་དམག་ཤུགས་འགྲན་སྡུར་སོགས་ཀྱིས་མཚོན་པའི་འགལ་ཟླ་རྣམས་ཇེ་ཆེ་དང་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར་བཤད་པ་ཡིན་འདུག

རྒྱ་ནག་ཕྱོགས་གཏོགས་ཀྱི་ཧོང་ཀོང་གསར་ཁང་སྟེ།ཐེ་ཁོན་པོའོ་(Ta Kung Pao)ཡིས་ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུསཞེས་པའི་ཁ་བྱང་འོགཨ་རིའི་ཕྱི་འབྲེལ་མི་སྣ་ཞིག་གི་འདྲ་པར་བཏོན་པ་མ་ཟད།མི་སྣ་དེའི་མིང་ལ་ཇོ་ལིཨི་ཏྲི་(Julie Eadeh)ཟེར་བ་དང་།ཨ་རིའི་ཕྱི་སྲིད་དོན་གཅོད་ཁང་གི་ཆབ་སྲིད་སྡེ་ཁག་གི་མི་ཡིན་པ།མོས་ཧོང་ཀོང་གི་མགྲོན་ཁང་ཞིག་ནས་ངོ་རྒོལ་བའི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱས་པ་སོགས་ཀྱི་སྐོར་བཀོད་ཡོད་འདུག

དེའི་ལན་དུ་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མོར་གྷནཨོར་གྷོ་སི་(Morgan Ortagus)ཡིསངས་བལྟས་ན།ཨ་རིའི་ཕྱི་འབྲེལ་མི་སྣ་ཞིག་གི་སྒེར་གྱི་གནས་ཚུལ་དང་།འདྲ་པར།བྱིས་པའི་མིང་བཅས་ཕྱིར་བསྒྲགས་བྱེད་པ་དེ་ནི་ཡང་དག་པའི་ངོ་རྒོལ་ཞིག་མ་རེད།དེ་ནི་ཇག་པའི་སྲིད་གཞུང་གི་བྱེད་སྟངས་ཡིན་པ་ལས།འགན་ཁུར་ལྡན་པའི་རྒྱལ་ཁབ་ཅིག་གིས་ལས་དོན་སྒྲུབ་ཚུལ་མ་རེདཅེས་བཤད་འདུག

ཉེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་རྒྱ་ནག་གཞུང་ནས་ཕྱི་ལོ་༡༩༨༩ལོའིགནམ་སྡེ་སྒོ་མོ་ཆེའི་སྡེབ་གསོད་དོན་རྐྱེན་སྐབས་ངོ་རྒོལ་བ་ཚོ་འགྲེལ་བྱེེད་ཀྱི་མིང་ཚིག་བཀོལ་ནས་རིའི་ཕྱི་འབྲེལ་མི་སྣ་དེརཡོལ་བའི་རྒྱབ་ཀྱི་ལག་པ་ནག་པོས་ཧོང་ཀོང་དུ་རྙོག་ཟིང་སློང་བཞིན་པཞེས་པའི་མིང་བཏགས་ཡོད་འདུག

ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཁ་གཏད་ཀྱི་འགོ་ཁྲིད་ཚོ་འདུས་པའི་མི་སྣ་འདྲ་མིན་དང་ཐུག་འཕྲད་བྱེད་རྒྱུ་དེ་ནི་ཨ་རི་དང་རྒྱ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣའི་ལས་འགན་རེད།དེ་ནི་ཨ་རིའི་ཕྱི་འབྲེལ་མི་སྣ་ཁོ་ནས་བྱེད་པ་ཞིག་མ་ཡིན་པར།རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣས་བྱེད་པ་ཞིག་རེདཅེས་བརྗོད་ཡོད་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

 

 

Share this:
༢༡༩༤ ཀློག་གྲངས།