བོད་ཡིག་གི་བདག་དབང་ཕྱིར་སྤྲོད་རོགས།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་མདོ་སྨད་རེབ་གོང་དུ་སློབ་མ་འབོར་ཆེན་གྱིས་“མི་རིགས་འདྲ་མཉམ། སྐད་ཡིག་རང་དབང།”ཞེས་པའི་འབོད་ཚིག་འོག་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། དེའི་ཕྱི་ཉིན་སྟེ། ཟླ་འདིའི་ཚེས་༢༠ ཉིན་མདོ་སྨད་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཁག་ཅིག་ནས་“བོད་ཡིག་གི་བདག་དབང་ཕྱིར་སྤྲོད་དགོས་”ཅེས་པའི་འབོད་ཚིག་བསྒྲགས་སྟེ། ཏེ་ཞོགས་པའི་ཆུ་ཚོད་དགུ་པའི་སྔོན་དུ་སློབ་གྲྭའི་རྩལ་སྦྱོང་ར་བའི་ནང་ངག་བཅད་ངོ་རྒོལ་བྱས་ཤིང་རིམ་པས་ཁྲོམ་ལམ་དུ་བསྐྱོད་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཡོད་འདུག

ཐེངས་འདིའི་སློབ་མས་ངོ་རྒོལ་བྱེད་དོན་རེབ་གོང་ཁུལ་ནས་སློབ་མས་ངོ་རྒོལ་བྱེད་དོན་དང་གཅིག་མཚུངས་རེད་ལ། གཙོ་བོ་བོད་ནང་གི་བོད་ཡིག་བསླབ་བཞི་ཚང་མ་རྒྱ་ཡིག་ལ་བསྒྱུར་དགོས་པའི་སློབ་གསོ་བཅོས་བསྒྱུར་དེར་རྒྱ་ནག་གཞུང་ལ་མ་འདོད་པའི་རྣམ་འགྱུར་བསྟན་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་འབྲེལ་ཡོད་ཀྱིས་བརྗོད་འདུག ཐེངས་འདིའི་ངོ་རྒོལ་ཁྲོད་མཚོ་ལྷོ་ཁུལ་གྱི་མི་རིགས་དགེ་ཐོན་སློབ་གྲྭ་༼མཚོ་ལྷོ་ལག་རྩལ་སློབ་གྲྭ་༽དང་མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭའི་བོད་ཡིག་འཛིན་གྲྭ་གཉིས་བཅས་སློབ་གྲྭ་ཁག་ནས་ཁྱོན་བསྡོམས་སློབ་མ་གཅིག་སྟོང་ལྷག་ཙམ་མཉམ་ཞུགས་བྱས་ཡོད་སྐོར་འདུག

དེ་བཞིན་མཚོ་ལྷོ་ཁུལ་གྱི་སློབ་མ་ཚོར་ངོ་རྒོལ་བྱེད་པའི་འཆར་གཞི་སྔ་ཉིན་དེར་ཡོད་ཀྱང་ཉེན་རྟོག་པས་བཀག་འགོག་བྱས་པས་དུས་ཐོག་དེར་ལངས་མ་ཐུབ་ཀྱང་ཚེས་༢༠ ཞོགས་པ་སྔ་བོ་ནས་སློབ་མ་ཚོ་རང་འགུལ་གྱིས་སྒོ་ཕྱིར་ཐོན་ནས་ཁྲོམ་སྐོར་བྱེད་སྐབས་ཉེན་རྟོག་པ་དང་དགེ་རྒན་སོགས་ཡོང་ནས་གནད་དོན་ཡག་པོ་ཐག་བཅོད་ཀྱི་རེད་ཅེས་བརྗོད་དེ། ཕྱིར་ཁྲིད་པ་ལས་སློབ་མ་ཚོར་གཅར་རྡུང་དང་བཀག་འགོག་བྱས་པའི་གནས་ཚུལ་ད་དུང་མི་འདུག

དེ་བཞིན་ཚེས་༢༠ ཉིན་ཞིན་ཧེའམ་དར་མཚོ་རྫོང་ནའང་གཅིག་མཚུངས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་སྐོར་འདུག དེ་མིན་ཁྲི་ཀ་རྫོང་དང་མང་ར་རྫོང་གི་བོད་རིགས་སློབ་མ་ཚོས་ཀྱང་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་དགེ་རྒན་ཚོས་བཀག་ནས་སློབ་གྲྭའི་ར་སྐོར་ཕྱི་ལ་ཐོན་དུ་འཇུག་གི་མེད་པ་དང། གཞན་པ་ནས་དམ་དྲག་གིས་ད་ལྟ་ཁ་པར་དང་གནས་འཕྲིན་དྲ་བའི་བརྒྱུད་ལམ་སོགས་ལ་དམ་དྲག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་གནས་ཚུལ་དེའི་དག་སྐོར་གྱི་འདྲ་པར་དང་བརྙན་པར་སོགས་ཕྱིར་གཏོང་ཐུབ་ཀྱི་མེད་འདུག །

{jcomments on}

Share this:
༢༡ ཀློག་གྲངས།