༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོའི་སྐོར་གྱི་བགྲོ་གླེང་།

ཕྱི་ཟླ་༨ ཚེས་༣༠ ཉིན་བྷེལ་ཀོབ་སེར་བྱེས་བཀྲིས་ཆོས་གླིང་ཚོཊ་ཁང་དུ་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་པའི་གོ་སྒྲིག་པ་སེར་བྱེས་སློབ་ཕྲུག་ལྷན་ཚོགས་ནས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་དང་འབྲེལ་བའི་སྤྱི་ཚོགས་བདེ་དོན་གྱི་ཀུན་ཁྱབ་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

བགྲོ་གླེང་ཐོག་༸སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་རྒྱ་གར་གྱི་གཏམ་བཤད་པ་གྲགས་ཅན་ཌནྱ་རཱ་ཝེ་བཅས་འཕཊ་བོད་གཉིས་ཀྱི་མཁས་དབང་གདན་ཞུ་ཞུས་ཏེ། ཉེ་ཁོར་གྱི་འཕཊ་བོད་ཀྱི་སློབ་ཆེན་དང་སློབ་འབྲིང་། དེ་བཞིན་དགོན་སྡེའི་སློབ་གྲྭ་བཅས་ཁྱོན་བསྡོམས་སློབ་གྲྭ་གྲངས་བརྒྱད་ལྷག་ནས་སློབ་སྤྱི་དང་དགེ་རྒན་གྲངས་༢༠ དང་། སློབ་མ་གྲངས་༢༢༠ ཙམ་དང་། དེ་མིན་གྱི་སྐུ་འགྲོན་༡༠ བཅས་ཁྱོན་བསྡོམས་དགེ་སློབ་སོགས་གྲངས་༢༥༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༡༡༩ ཀློག་གྲངས།