མདོ་སྨད་ཕྱོགས་ཀྱི་བོད་རིགས་དགེ་རྒན་ཚོའི་སྙན་ཞུ།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༡༠བའི་ཚེས་༡༥ཉིན་ཐེངས་དེའི་ཟབ་སྦྱོང་འཛིན་གྲྭར་ཞུགས་མཁན་ཁུལ་དྲུག་གི་དགེ་རྒན་རྣམས་ཀྱིས་ཐུན་མོང་གི་སྙན་ཞུ་ཞིག་ཕུལ་བའི་ནང། “རང་མི་རིགས་ཀྱི་དུས་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལམ་ལ་བསམ་གཞིག་རེ་བྱས་ཚེ། མི་རིགས་ཀྱི་བདེ་སྡུག་དང་ཆགས་འཇིག་ལ་མི་བུ་སུ་ཡིན་ཡང་བཤོལ་དུ་མེད་པའི་འགན་འཁྲི་ཞིག་ཡོད། དེ་ནི་ང་ཚོ་མི་རབས་འདི་དང་མི་རབས་རྗེས་མ་དག་གི་འགན་འཁྲི་ཡིན་པས་ན། དུས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩི་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་འགལ་བ་། སློབ་གསོའི་ཆོས་ཉིད་དང་འགལ་བ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡོད་པ་ནི། རང་སྐད་ཕལ་པར་བཞག་སྟེ། གཞན་སྐད་གཙོ་བོ་བྱས་ནས་བོད་ཡིག་གི་སློབ་ཁྲིད་མ་གཏོགས་པའི་བསླབ་ཚན་གཞན་དག་རྒྱ་སྐད་ཀྱི་ལམ་ནས་འཁྲིད་པའི་སྲིད་ཇུས་ཞིག་ལག་ལེན་ལ་བསྟར་ཀྱིན་ཡོད་པ་དེ་རེད། དེ་ལ་ང་ཚོས་ངོ་མཚར་དུ་བརྩི་ཞིང་ལེགས་ཉེས་ཀྱི་བླང་དོར་ཅི་ཡང་མེད་པར་དང་དུ་ལེན་རྐྱང་བྱས་ན་དེ་ལ་དགེ་མཚན་ཅི་ཡང་མེད་པ་མ་ཟད་མྱུར་དུ་རང་གི་མི་རིགས་ཀྱི་རིགས་རྒྱུན་འཆད་པར་འགྱུར་པའི་སྔ་ལྟོས་ཡིན་པ་དང་། གལ་ཏེ་མི་རིགས་ཤིག་གི་སྐད་དང་ཡི་གེ་གཉིས་ཤི་བར་གྱུར་ན་དོན་ལ་མི་རིགས་དེ་ཉིད་ཀྱི་མི་ཐམས་ཅད་མཉམ་དུ་ཤི་ནས་མི་རིགས་དེ་རྩ་བ་ནས་མེད་པར་གྱུར་པ་དང་འདྲ་”ཞེས་འཁོད་འདུག

ཡང་སྙན་ཞུ་ཡི་གེ་དེའི་ནང་“དེང་གི་འགོ་ཁྲིད་དང་སློབ་གསོ་ཆེད་མཁས་ཀྱི་མིང་ འཛིན་མཁན་རྣམས་ཀྱིས་ཤེས་བཞིན་དུ་བཟང་ངན་ཕན་འབྲས་ལ་དབྱེ་འབྱེད་ཅུང་ཙམ་མེད་པར་བོད་ཡིག་གི་སློབ་ཁྲིད་མ་གཏོགས་པའི་སློབ་ཚན་གཞན་དག་རྒྱ་སྐད་ཀྱི་ལམ་ནས་ཁྲིད་པའི་སྲིད་ཇུས་ཞིག་ལག་ལེན་ལ་བསྟར་བའི་དམིགས་ཡུལ་ཅི་ཡིན་ཞེས་དོགས་འདྲི་བྱས་ཡོད་ལ། ཡང་བྱེད་ཕྱོགས་འདི་དག་ནི་དབང་བསྒྱུར་པ་ལ་ལས་བསམ་བཟོས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བཏང་བ་རེད་”ཅེས་འཁོད་ཡོད་པ་རེད།
གཞན་སྙན་ཞུ་དེའི་མཇུག་ཏུ་“ང་ཚོས་རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། རྩ་ཁྲིམས་དང་མཐུན་པའི་སྒོ་ནས་མི་འགྱངས་པར་རྩོད་ལེན་བྱེད་རྒྱུ་ནི་མི་རེ་སོ་ སོའི་ཕྲག་ལ་བབས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་དང་འོས་འགན་རེད་”ཅེས་བཀོད་འདུག།།

{jcomments on}

Share this:
༢༦ ཀློག་གྲངས།