གཅན་ཚ་རུ་སློབ་མས་སྐད་འབོད་ཁྲོམ་སྐོར་བྱས་པ།

སྐབས་དེར་གཅན་ཚ་རྫོང་ནས་ཀྱང་སློབ་གསོ་བཅོས་བསྒྱུར་དེར་མི་འདོད་པའི་སྦྱར་ཡིག་གང་མང་བཀྲམས་ཡོད་པ་མ་ཟད། ཚེས་༢༡ ཉིན་སློབ་མ་མང་པོས་སློབ་གསོ་བཅོས་བསྒྱུར་དེར་མི་འདོད་པའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང། ཚེས་༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུའི་ཐོག གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་བོ་དང་གཉིས་པ་གཉིས་ཀྱི་སློབ་མ་སྟོང་གསུམ་ལ་ཉེ་བ་ཙམ་གྱིས་སྲིད་གཞུང་གི་མདུན་དུ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱས་ཡོད་པ་རེད།།

{jcomments on}

Share this:
༢༦ ཀློག་གྲངས།