༧གོང་ས་མཆོག་ཁེ་ན་ཌར་ཆིབས་བསྒྱུར་གནང་བ།

ཟླ་འདིའི་ཚེས་༢༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་མ་ཡ་མི་ནས་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ཁེ་ཎ་ཌའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཌེ་ཝིཌ་མིལ་ལར་མཆོག་དང་། བཀའ་ཟུར་བློ་བཟང་ཉི་མ་མཆོག་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

དེ་རྗེས་ཊོ་རོན་ཊོའི་གཙུག་ལག་སློབ་གྲྭའི་ཚན་རིག་གི་ཚོགས་འདུ་ཞིག་ལ་ཆིབས་སྒྱུར་སྐྱོང་སྐབས་ཊོ་རོན་ཊོའི་གཙུག་ལག་སློབ་གྲྭའི་འགན་འཛིན་སྐུ་ཞབས་ཌེ་ཝིཌ་ཨར་པི་ཊར་སན་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

hh in canada_1༧གོང་ས་མཆོག་གིས་ཚོགས་འདུའི་ཐོག་བཀའ་སློབ་གནང་དོན། གདོད་མའི་སྤྱི་ཚོགས་སྐབས་མི་རྣམས་རང་གི་འདོད་དོན་བསྒྲུབ་རྒྱུར་སྨོན་ལམ་རྒྱག་རྒྱུ་ཙམ་རེད།  འདས་པའི་ལོ་ཉིས་བརྒྱའི་ནང་ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་མི་རྣམས་ཀྱིས་རང་གི་འདོད་དོན་དེ་དག་ཚན་རིག་གིས་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་རེ་བ་བཅོལ་ཡོད། འོན་ཀྱང་དུས་རབས་༢༠ པའི་མཇུག་ཏུ་ཚན་རིག་གི་ནུས་པ་དེ་ཚད་གཞི་ངེས་ཅན་ཞིག་ཡིན་པ་ར་འཕྲོད་བྱུང་སྟེ་ད་ཆ་ནང་སེམས་ཀྱི་ཚན་རིག་ལ་དོ་སྣང་སྤྲོད་འགོ་བཙུགས་ཡོད། འདས་པའི་དུས་སུ་ཚན་རིག་པ་ཚོས་ཕྱི་དངོས་པོའི་གནས་ལུགས་རྐྱང་པར་དོ་སྣང་སྤྲད་ཡོད།

ད་ཆ་ཁོང་ཚོས་ནང་བསམ་བློར་ཡང་དོ་སྣང་སྤྲོད་འགོ་བཙུགས་པ་དེས་དེང་དུས་ཀྱི་ཚན་རིག་དེ་ཆ་ཚང་བ་ཞིག་ཆགས་ཐུབ་ཡོད། ནང་བསམ་བློའི་ཚན་རིག་གི་ལམ་ནས་ལུས་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐུབ་པ་མ་ཟད། ནུབ་ཕྱོགས་ནས་དར་བའི་དེང་དུས་ཚན་རིག་དང་ཤར་ཕྱོགས་ནས་དར་བའི་ནང་བསམ་བློའི་རྣམ་གཞག་དེ་གཉིས་ཟུང་འབྲེལ་བྱུང་བ་དེས་འགྲོ་བ་མི་སྤྱི་ལ་ཕན་ཐོགས་རྒྱ་ཆེ་བ་སྒྲུབ་ཐུབ་ཅེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད།།

{jcomments on}

Share this:
༤༧ ཀློག་གྲངས།