སད་རན་སོང

 

མུན་ནག་གྱི་དངོས་གྲུབ

ནག་ཁུངས་ནང་རུལ་སོང

བག་ཆགས་ཀྱི་གཉིད་ལས་དངས་བར་བྱོས

 

ལག་རོགས་ཀྱི་རུ་དཔུང

ལྡིར་སྒྲ་ལ་ཐིམ་སོང

རེ་བ་དང་རོགས་པ་ཐལ་བས་ཆོད

 

རིགས་རུས་ཀྱི་གཞི་རྐང

དབེན་ས་ནས་རུལ་བྱུང

འདོད་ཆགས་བཅིངས་བགྲོལ་བྱོས

 

རས་སྣེ་སེར་པོ

ལྷགས་རླུང་གིས་གཟས་སོང

གསར་བརྗེའི་ནུས་ཤུགས་ཐོན

 

སྤྲ་དང་སྤྲེའུ

ནགས་གསེབ་ཏུ་རྒས་བྱུང

ཁྱིམ་གཞིས་ཀྱི་འཛུགས་བསྐྲུན་གྱིས

 

བཀའ་དང་དགོངས་གཞི

འཁྱམ་རོམ་ལྟར་ཞུ་བྱུང

མིག་གིས་ལྟོས

Share this:
༡༠༠ ཀློག་གྲངས།