རྒྱ་མི་རིགས་ཀྱིས་དྷ་སའི་སྐོར་དཔེ་དེབ་བྲིས་པ།

གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཏེ། བོད་ཀྱི་གནད་དོན་སྐོར་ལ་བཀའ་འདྲི་ཞུས་པ་དང༌། དེ་བཞིན་རྒྱལ་བ་ཀརྨ་པ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ལ་བཀའ་འདྲི་ཞུས་པ། བཙན་བྱོལ་བོད་མིའི་གྲོས་ཚོགས་གཙོས་པའི་བོད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་ཅིག་ནང་འཚམས་འདྲིར་བཅར་ནས་དེའི་གནས་སྟངས་སྐོར་མི་རེ་ངོ་རེས་རྒྱ་ཡིག་ནང་རྩོམ་ཡིག་བྲིས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཤོག་གྲངས་༢༢༠བྱས་པའི་དཔེ་དེབ་ཞིག་པར་སྐྲུན་བྱས་ཡོད་པ་དང་། བཞུགས་སྒར་རྡ་རམ་ས་ལ་ངོ་སྤྲོད་ཀྱི་བརྙན་འཕྲིན་པར་གཞི་དུས་ཡུན་སྐར་མ་༢༠ བྱས་པ་ཞིག་ཀྱང་བཟོ་སྐྲུན་བྱས་ཡོད་པ་རེད།།

ཕྱི་ཟླ་༡༠ ཚེས་༢༣ ཉིན་༧གོང་ས་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་རུ་ཆིབས་བསྒྱུར་སྐབས་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ་སོགས་ལས་རིགས་མི་འདྲ་བའི་རྒྱ་མི་རིགས་༣༠༠ ཙམ་ལ་མཇལ་ཁ་བཀའ་སློབ་བསྩལ་བའི་སྐབས་དཔེ་དེབ་དེའི་པར་ཕུད་གཅིག་དང༌། བརྙན་འཕྲིན་པར་གཞི་དུས་ཡུན་སྐར་མ་༢༠ བྱས་པ་དེ་གཉིས་འབུལ་ལམ་ཞུས་པ་རེད།།

{jcomments on}

Share this:
༦༨ ཀློག་གྲངས།