རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་འདུ།

སྦེལ་ཇམ་རྒྱལ་ས་བྷར་སེལ་བཅས་ཀྱི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམ་པ་དང་ལས་བྱེད་རྣམ་པ་ཁག་གཅིག་རྡ་སར་ཕེབས་ཏེ། ཚོགས་འདུ་སྐོང་ཚོགས་གནང་བ་དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

ཕྱི་ཚེས་༢ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཚོགས་འདུར་ཆེད་ཕེབས་ཀྱིས་ཚོགས་མི་རྣམས་དང་ལྷན་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་གོང་མཐོར་ཇི་འདྲ་གཏོང་དགོས་སྐོར་ཐད་བགྲོ་གླེང་གནང་ཡོད་པ་མ་ཟད། ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་རྣམས་གསལ་བཤད་གནང་ཡོད་འདུག

དེ་བཞིན་ཉིན་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་མི་རྣམས་ལ་མཇལ་ཁ་གནང་བ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་མཇལ་བཅར་དུ་ཆེད་ཕེབས་ཡོད་འདུག ཚེས་༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་དང་ལས་བྱེད་རྣམས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་བོད་གཞུང་ཟློས་གར་དུ་དགོང་དྲོའི་གསོལ་ཚིགས་བཤམས་ནས། བོད་གཞུང་ཟློས་གར་གྱིས་བོད་ཀྱི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད་འདུག །

{jcomments on}

Share this:
༥༩ ཀློག་གྲངས།