ཉི་མ་སྤྲིན་པའི་འོག་ནས་ཞེས་པའི་གློག་བརྙན་ཚོང་འགྲེམས།

གློག་བརྙན་དེ་བཟོ་སྐྲུན་བྱེད་མཁན་བསྟན་འཛིན་བསོད་ནམས་ལགས་དང༌། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་རྣམ་གཉིས་ཡིན་པ་དང། ལྷོ་ཨེ་ཤ་ཡའི་མངའ་ཁུལ་དུ་འགྲེམས་ཚོང་གི་བདག་དབང་གཞོན་ནུ་ལྷན་ཚོགས་ལ་སྤྲད་ཡོད་པ་རེད།

གཞོན་ལྷན་གྱི་ཉིན་དེའི་གསལ་བསྒྲགས་ནང་འཁོད་དོན། སྤྱིར་རྒྱལ་ཁབ་ཀྱི་རང་བཙན་འཐབ་རྩོད་བྱེད་པའི་བྱུང་རབས་དང་འགན་འཁུར་ཁྲོད། དུས་སྐབས་རང་བཞིན་གྱི་འཐབ་རྩོད་རྣམས་ལོ་རྒྱུས་ནང་སྡོ་ཐུབ་ཆེད་དང༌། མ་འོངས་པའི་འཐབ་རྩོད་མདུན་བསྐྱོད་ལ་ཡར་སྐུལ་བྱ་བར། གཏམ་བཤད་དང༌། དཔེ་དེབ། གློག་བརྙན་དང་གཏམ་བརྗོད་འཁྲབ་སྟོན་སོགས། སློབ་གསོ་དང་འཐབ་རྩོད་ཕྱོགས་བསྡོམས་གྱི་ལས་འགུལ་ཁག་ནི། ཧ་ཅང་རིན་ཐང་དང་ནུས་ཤུགས་ལྡན་པའི་ལས་རིམ་གལ་ཆེན་ཞིག་ཆགས་ཡོད།

བོད་རྒྱལ་ཁབ་ཀྱི་རང་བཙན་འཐབ་རྩོད་དང་འབྲེལ་བའི་“ཉི་མ་སྤྲིན་པའི་འོག་ནས་བོད་ཀྱི་རང་དབང་འཐབ་རྩོད་”ཅེས་པའི་གློག་བརྙན་གྲགས་ཅན་འདི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོང་འགྲེམས་ཞུ་དོན་ནི།  གློག་བརྙན་འདིར་ད་བར་ཝེ་ཁཱལ་ཧག་ཝལ་གློག་བརྙན་དུས་སྟོན་གཟེངས་རྟགས་ (Winner of Vaclav Havel Award (One World Film Festival Prague)   དང༌། པཱ་ལམ་དཔྱིད་ཀའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་ལེགས་ཤོས་ (Winner of Best of the fest Palm Springs International Film Festival) སོགས་རྒྱལ་སྤྱིའི་གྲགས་ཅན་གྱི་གཟེངས་རྟགས་དུ་མ་ཞིག་ཐོབ་ཡོད་ཅིང༌། དཔར་གཞིའི་གློག་བརྙན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ཞིག་སྟོན་སྐབས། ལྟད་མོ་བ་ཧ་ཅང་མང་བས།  དུས་ཚོད་འཕར་མ་བཏང་དགོས་པ་སོགས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ནུས་པ་ཧ་ཅང་ཤུགས་ཆེན་ཐོན་ཡོད་ལ། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ཕྱི་ནང་གིས་བོད་དོན་འཐབ་རྩོད་བྱེད་པའི་ཡར་ལངས་ནི། ཕྱི་ལོ་ ༡༩༥༩ ལོའི་རྗེས་སུ་བོད་མིའི་ཡར་ལངས་གཞི་རྒྱ་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཆགས་ཡོད་པ་བཞིན། གློག་བརྙན་འདིས་སྤྱིར་བོད་ཀྱི་མི་ལོ་ལྔ་བཅུའི་འཐབ་རྩོད་དང༌། ཡང་སྒོས་ཕྱི་ལོ་ ༢༠༠༨ ལོའི་བོད་ཕྱི་ནང་གི་འཐབ་རྩོད་ཀྱི་བརྒྱུད་རིམ་དང་ངོ་བོ། ཁ་ཕྱོགས་བཅས་ཕྱོགས་བསྡོམས་གསལ་སྟོན་གནང་འདུག་པར་བརྟེན། ང་ཚོས་གློག་བརྙན་འདི་ལྷོ་ཨེ་ཤ་ཡ་ཁུལ་དུ་ཚོང་འགྲེམས་ཞུ་ཡི་ཡོད་ཅིང༌། གློག་བརྙན་ནང་གི་མི་སྣ་བྱེ་བྲག་པ་རེ་རེའི་དགོངས་ཚུལ་དང་འགྲེལ་བཤད་ཁག་ནི། དོ་བདག་སྒེར་སོ་སོའི་བསམ་ཚུལ་དང་འགྲེལ་བཤད་ལས། གཞོན་ལྷན་གྱི་འགྲེལ་བཤད་མིན།

མཐའ་དོན་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང༌། རི་ཏུ་ས་རིན་རྣམ་གཉིས་ནས་བོད་དོན་འཐབ་རྩོད་ཀྱི་ངོ་བོ་དང་འབྲེལ། གཞོན་ལྷན་སྒྲིག་འཛུགས་ལ་དཔལ་འབྱོར་འདུ་འགོད་དང༌། རྩ་དོན་དྲིལ་བསྒྲགས་ཀྱི་དམིགས་ཚད་ཐོག་ནས་གློག་བརྙན་འདི་ཉིད་ལྷོ་ཨེ་ཤ་ཡའི་མངའ་ཁུལ་དུ་ཚོང་འགྲེམས་ཆོག་པའི་བདག་དབང་གཞོན་ལྷན་ལ་ཕུལ་བར་ལེགས་སོའི་བསྔགས་བརྗོད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཆབས་གཅིག་ལྷོ་ཨེ་ཤ་ཡའི་མངའ་ཁུལ་དུ་གཞོན་ལྷན་མ་བརྒྱུད་པར་གློག་བརྙན་འདི་ཉིད་སུ་ཞིག་གིས་ཚོང་འགྲེམས་ཞུས་ཀྱང་ཁྲིམས་འགལ་ཡིན་པས། དེ་དོན་ཚང་མས་དགོངས་མངའ་ཡོང་བ་ཞུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༡ ཉིན།། །།{jcomments on}

Share this:
༧༣ ཀློག་གྲངས།