༸གོང་ས་མཆོག་གིས་བོད་ཁམས་རྟའུ་རྫོང་གི་ཡུལ་དགོན་སྤྱི་ལ་གསུང་འཕྲིན་བསྩལ།

ཉེ་ལམ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་འགོ་བཙུགས་པའི་ཏོག་དབྱིབས་ནད་དུག་དེ་བཞིན་ད་ཆ་བོད་ཁམས་རྟའུ་རྫོང་དུའང་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན། རྟའུ་ཡུལ་དགོན་སྤྱི་ནས་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟག་ཞུ་ཞུས་པར་མགོན་པོ་གང་ཉིད་ཀྱིས་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༡༤ ཉིན་བརྟག་ཞུ་གནང་འབྲས་སུ། དམིགས་བསལ་ངན་དོག་ཆེ་བ་མ་ཤར། འོན་ཀྱང་སྤྱི་མཐུན་ལས་དབང་དང་འབྲེལ་བས་ཡུལ་སྤྱི་ནས་འཕྲོད་བསྟེན་སྔོན་འགོག་གཟབ་ནན་དང་། སྒྲོལ་མ་དང་མ་ཎི་གང་འགྲོ་གསོག  སྟོན་པའི་གསུང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ཐོས་བསམ་སྒོམ་པ་ཐུབ་ན་ཚོགས་བསགས་དང་ལས་སྒྲིབ་སྦྱོང་བར་དེ་བས་གནད་ཆེ་བ་མེད་ཅེས་གསུང་འཕྲིན་སྩལ་འདུག །
 

 

Share this:
༥༧༤ ཀློག་གྲངས།