སྙན་ངག་དང་གླུ་དབྱངས་ཞེས་པའི་འདུ་འཛོམས་ཀྱི་ལས་འགུལ།

pandacafe_1ལས་འགུལ་དེའི་རྒྱབ་ལྗོངས་སྐོར་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་ལོ་རྒྱུས་ཐོག་ཏུ་ཡུ་རོབ་ལ་སོགས་པའི་རྒྱལ་ཁབ་གཅིག་གིས་གཅིག་ལ་དབང་བསྒྱུར་བྱས་ཀྱང། དབང་བསྒྱུར་བྱེད་སའི་རྒྱལ་ཁབ་དེའི་སྐད་ཡིག་དང་རིག་གཞུང་མཐའ་གཅིག་ཏུ་རྩ་བརླག་གཏོང་བའི་སྲིད་ཇུས་འཛིན་མཁན་ཕལ་ཆེར་བྱུང་མེད་ཀྱང། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པའི་འགོ་བཙུགས་ནས་བོད་དུ་རྒྱ་མའི་སློབ་གྲྭ་འཛུགས་ཐབས་བྱས་པ་སོགས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མཐའ་གཅིག་ཏུ་རྩ་མེད་དུ་གཏོང་བའི་སྲིད་ཇུས་བཟུང་དང་འཛིན་བཞིན་པ་ཡིན་སྐོར་དང། དེ་རིང་གི་ལས་འགུལ་འདི་རྒྱབ་སྐྱོར་མཚོན་བྱེད་ཅིག་ཡིན་པས་ཧ་ཅང་ཡག་པོ་ཡིན་པ་དང། ད་ལྟའི་གནས་སྐབས་འདིར་བོད་མི་ཞིག་ཡིན་ཕྱིན་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་སྙིང་ནས་ཤ་ཞེན་དགོས་པ་གལ་ཆེན་པོ་ཡིན་པ་ལས། བོད་སྐད་ཤེས་པ་དེ་གཅིག་པུ་གལ་ཆེན་པོ་དེ་ཙམ་མིན་ཚུལ་སོགས་འགྲེལ་བརྗོད་བྱས་སོང།

pandacafe_3དེ་ནས་རིམ་བཞིན་གཡང་ཁོ་རྒྱལ་དང། བུ་ཆུང་བསོད་ནམས། མགོ་ལོག་ཟླ་བྷེ། ལྷག་པ་ཚེ་རིང། བསྟན་འཛིན་བརྩོན་འགྲུས། བསྟན་འཛིན་ཆོས་དབྱིངས། ཨ་རིག་འགྱུར་མེད་སོགས་ཀྱིས་བོད་དབྱིན་སྐད་གཉིས་ཀྱི་ཐོག་ནས་སྙན་ངག་གྱེར་འདོན་དང། གཞས་པ་ཁག་ཅིག་གིས་གླུ་དབྱངས་ལེན་པ་བཅས་བྱས་ཡོད་པ་རེད། དེ་བཞིན་ཁག་ཅིག་གིས་ཉིན་རེ་ནས་བོད་སྐད་གཙང་མ་རྒྱག་པའི་ཐབས་ཤེས་བྱས་ནས་རིམ་བཞིན་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་གལ་ཆེན་པོ་ཡིན་སྐོར་དང། བོད་ཀྱི་སྐད་ཡིག་ནང་དུ་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཡང་ཡོད་སྐོར་སོགས་བསམ་ཚུལ་གླེང་མཁན་ཡང་ཁག་ཅིག་བྱུང་སོང། ལས་འགུལ་དེའི་ནང་འཛུལ་ཞུགས་བྱེད་མཁན་ཕྱི་རྒྱལ་གྱི་མི་སྣ་ཁག་ཅིག་དང། བོད་མི་ཁག་ཅིག་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་འདུ་འཛོམས་བྱུང་འདུག །

{jcomments on}

Share this:
༢༩ ཀློག་གྲངས།