དུང་བ་ཟབ་པའི་ཡིད་མཐུན་གྱི་བུ་མོ།

 

བདག་གི་སྙན་ངག་སྨྲ་བའི་ལྕེ་རྩེ་ལས།།

སེམས་ཀྱི་དུང་བ་འདྲེས་བའི་སྐད་ཆ་ཞིག།

ལུས་ཀྱི་གདུང་བས་གཙེས་པའི་གནས་ལུཊ་ཞིག

དགའ་སྡུག་འདྲེས་མའི་གླུ་དབྱངས་ལེན་ན་འདོད།།

 

ཁྱེད་ཀྱི་རྩེ་དུང་པད་རྫིངས་ངོས་མོ་ན།།

དྲི་མེད་ངང་པ་དཀར་མོ་ཕུལ་ནས་ཐལ།།

ལྷད་མེད་རྩེ་སེམས་རྣམ་མའི་པང་ཁ་ན།།

སྐད་ཅིག་བྲལ་བ་མ་ཕོད་འདུག་ན་འདོད།

༢༠༡༠་༡༡་༠༥ཉིན་ལ་སྤྱི་ཁང་ཁང་ཐོག་ཏུ་བྲིས་པའོ།

 

Share this:
༡༠༦ ཀློག་གྲངས།