དུས་སུ་མ་བབ་པའི་ཆར།

དེ་ག་ནང་བཞིན་ད་ལྟའི་ཕྱེད་བགྲེས་ཡོལ་གྱི་རྣམ་པའི་འོག་ནས་ཁོང་གིས་མུ་འཐུད་དགོས་རྒྱུ་ནི། དུས་ལ་བབ་པའི་ཆར་ཞིག་ལས། འོས་འཚམ་ཞིག་གི་དུས་ལ་སླེབས་མེད། ད་ལྟའི་བཙན་བྱོལ་གཞུང་གི་གནས་སྟངས་ནི། བོད་བཙན་བྱོལ་དུ་གྱར་ནས། མི་རབས་གསར་རྙིང་བརྗེ་བའི་དུས་སྐབས་ཤིག་ལ་སླེབས་པ་དང་། དེའི་སྐབས་སུའང་། གདོང་ལེན་བྱ་དགོས་ས་དེ། ཆོལ་གསུམ་ཆིག་སྒྲིལ། གཞིས་བྱེས་མཉམ་སྦྲེལ། ཆོས་ལུགས་རིས་མེད། རྒྱ་བོད་འབྲེལ་ལམ། ནང་ཁུལ་ཡིད་ཆེས། གཞུང་དམངས་མཛའ་འབྲེལ་བཅས་ཡོད་པས་ན། ད་ལྟའི་བོད་མིའི་བསམ་བློའི་གོ་རྟོགས་འདི་ལ། ༧གོང་ས་མཆོག་གཏན་ནས་བགྲེས་ཡོལ་གཙང་མ་ཞིག་བཞེས་པའི་ནམ་དུས་ཞིག་མིན།

སྤྱིར་ན། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འདི་ལྟ་བུ་སྐྱོང་བ་ནི། དུས་རབས་དང་མཐུན་ཞིང་། གོང་མ་གོང་མ་ཞིག་གི་ལོ་རྒྱུས་མཁྲེག་པོ་ལས་གཡོལ་བའི་མཛད་པ་ནོམ་ཆེན་ཞིག་ཡིན་མོད། ད་ལྟའི་བོད་མི་རིགས་ལ་མཚོན་ན། བགྲེས་ཡོལ་ཁམས་གཙང་ཞིག་གནང་རྒྱུའི་མཛད་པ་དེ། ང་ཚོའི་སྤྱི་ཚོགས་ལ་ད་དུང་སྟོན་རན་པ་ཞིག་གཏན་ནས་མིན།

གལ་སྲིད་འདི་ལྟར་ཁོང་གིས་བགྲེས་ཡོལ་ཁམས་གཙང་ཞིག་ཞུས་པ་ཡིན་ན། བཀའ་ཁྲི་དེ་བཙན་བྱོལ་ནང་གི་མི་རབས་གསར་བ་ཞིག་སླེབས་ངེས་ལ་བརྟེན། གཅིག་ན། ཁོང་གིས་བྱ་བ་གང་ཐད་ནས་འཇོན་མིོན་ལ་མ་ལྟོས་པ། ཕྱི་ནང་གསང་གསུམ་ནས། གོ་སྐབས་འཚོལ་མཁན་མང་པོ་ཡོང་གི་རེད་ལ། གཉིས་ན། མི་རབས་གསར་བའི་སྣེ་ཁྲིད་ཅིག་ལ་བོད་པའི་སྐྱ་སེར་རིས་མེད་ཀྱི་ལྟ་སྟངས་དེ་གོམས་འདྲིས་མེད་གཤིས། གློ་བུར་བའི་འགྱུར་ལྡོག་ཆེན་པོ་གཉིས་གྱི་ངར་ཤུགས་དེ་ལྕོག་ཐུབ་ཚོད་མ་རེད་འདོད།

དེ་བཞིན་ད་ལྟའི་བཀའི་འོས་མིར་བཞེངས་མཁན་གྱི་ནང་ནས་ཀྱང་། ༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འདི་འགན་ཁྱེར་བཞིན་པའི་སྤོབས་པ་འདིའི་འོག་ནས་ཀྱང་བཞེངས་ཡོད་སྲིད།

Share this:
༧༡ ཀློག་གྲངས།