ཉམ་ཐག་པའི་མཐའ་མའི་རེ་བ།

ད་ལྟ་སེ་ལ་ཁུའི་ལས་རིགས་སློབ་གཉེར་ཁང་དུ་བཞུགས་ཡོད། གུས་མོར་དེ་སྔོན་ནས་མཁལ་མའི་ན་ཚ་ཡོད་པ་དེ་ཉིད་ཇེ་སྡུག་ཏུ་སོང་སྟེ། ད་ལྟ་མཁལ་མ་བརྗེ་པོ་རྒྱག་མ་ཐུབ་ན་ཤི་རྒྱུ་ཉག་གཅིག་པའི་གནས་སྟངས་སུ་གྱར་ཏེ། འཕྲལ་སེལ་གྱི་ད་ལྟ་ཅན་དྷི་གྷར་སྨན་ཁང་དུ་ཁྲག་གི་བརྗེ་ལེན་བདུན་གཅིག་ནང་ཐེངས་གཉིས་སྨན་བཅོས་བྱེད་བཞིན་པ་དང་དེ་ཡང་ལུས་གདུང་ཧ་ཅང་ལྕི་བའི་གནས་བབ་ཀྱི་ངང་དུ་ཡོད་ལགས་ན། ཐུགས་བརྩེས་གཟིགས་ནས་གུས་མོར་མཁལ་མའི་སྦྱིན་པ་གནང་སྟེ་སྲོག་གི་འཇིགས་པ་ལས་སྐྱོབ་རོགས། ཞེས་མིག་མཆི་མས་བརྣངས་ཞིང་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བ་དང་དེ་བཞིན་ཁྱེད་ཀྱི་ཐུགས་ངོ་མཁྱེན་པ་གཞན་ལ་ཡང་གནས་ཚུལ་དེ་ཁྱབ་སྤེལ་གནང་སྐྱོང་ཅིས་ཀྱང་ཡོང་བ་ཞུ།།

ཁྲག་གི་སྡེ་ཚན།  O+ve
འབྲེལ་གཏུགས་ཁ་པར་ཨང་གྲངས།
དྷེ་ར་རྡུན་སེ་ལ་ཁུའི་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང༌།  ༠༡༣༥༢༦༩༨༢༩༧
ཅན་དྷི་གྷར་བོད་ཁྱིམ་ནད་པ་ལྟ་རྟོག་པ། ཚེ་རིང་དབང་མོ་ལགས།
༠༡༧༢-༢༨༥༤༣༥ ༠༩༤༡༧༩༢༥༠༠༣
བསྟན་འཛིན། ༠༩༦༣༢༨༧༠༥༥༢

Share this:
༡༧ ཀློག་གྲངས།