། ཆོས་བརྡ་གསལ་བསྒྲགས།

འཕོ་སྦྱོང་བཀའ་ཁྲིད་བཀྲིན་ཆེ་མུས་ལྟར། འདི་ལོ་ཡང་༢༠༡༠ ལོའི་ཟླ་༡༢ པའི་ཚེས་༢༥ ནས་ཕྱི་ལོ་༢༠༡༡ ལོའི་ཟླ་༡ ཚེས་༣ བར་ཟམ་ལམ་འཇའ་ལུས་འཕོ་བའི་ཁྲིད་ཁ་འཕོ་སྦྱོང་བཀའ་ཁྲིད་བཀའ་དྲིན་ཆེ་རྒྱུའི་ཐུགས་གཏན་ཁེལ་སོང་བར་བརྟེན། དད་ལྡན་ཆོས་ཞུ་བ་རྣམས་གནས་མཆོག་ཁྱད་འཕགས་ཅན་དུ་གདམས་ངག་ཟབ་མོ་འདི་ལྟ་བུ་ཞུ་ཐུབ་ན་འདི་ཕྱི་གཉིས་ཕན་གྱི་སྐལ་བཟང་གོ་སྐབས་འདི་ལས་ལྷག་པ་མེད་པར་སོང། དེ་རྩིས་དེ་སྔ་འཕོ་བའི་ཁྲིད་ཁ་ཞུ་མྱོང་མཁན་རྣམས་དང་དེ་བཞིན་གསར་དུ་ཞུ་བློ་ཡོད་རིགས་རྣམས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༥ འགྱངས་མེད་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འབྱོར་ཐུབ་པ་དགོས་རྒྱུའི་ཆོས་བརྡ་གསལ་བསྒྲགས་སུ་སྤེལ་ཀོབ་བཀའ་དགོན་འཕོ་བའི་གྲ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༢༠ ཚེས་ ༨ ལ་ཕུལ།

Share this:
༤༩ ཀློག་གྲངས།