ར་ལུག་བརྒྱ་དང་གཅིག་སྲོག་བླུ་དང་ཚེ་ཐར་བྱས་པ།

tsethar 1དགེ་བཤེས་ཁོང་གིས་དེ་ལྟར་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་པ་དང།  སངས་རྒྱས་ཀྱི་བསྟན་ཕྱོགས་དུས་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་པའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་བ་དང།  ཁོང་གིས་ཕྱི་ལོ་༡༩༨༤ ལོར་བཤས་ར་རུ་སེམས་ཅན་གསོད་བཞིན་པ་མཐོང་བའི་དཀའ་སྡུག་སེམས་ཀྱིས་མ་བཟོད་པར་དམར་ཟས་རིགས་གཏན་ནས་སྤངས་པ་དང། ༡༩༨༩ ལོར་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་ཚེ་རིང་མཆོག་ལ་གསོལ་འདེབས་ཞུས་བ་བརྒྱུད་སེར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་ཕྱི་ནང་དུ་དམར་ཟས་འབུལ་བ་དང་བེད་སྤྱོད་མི་ཆོག་པའི་ཁྲིམས་བཅས། ༡༩༩༩ ལོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བའི་སྐབས་རི་བོ་དགེ་ལུགས་པའི་དགོན་སྡེ་ཁག་གི་སྤྱི་ཐབ་ཏུ་དམར་ཟས་སྤོང་རྒྱུ་ཚོགས་ཆེན་ཐོག་ཐག་གཅོད་གནང། tsethar 3ཕྱི་ལོ་༢༠༠༠ ལོར་རིས་མེད་ཆོས་ཚོགས་སྐབས་རིས་མེད་ཆོས་སྡེ་ཁག་གིས་དམར་ཟས་གཏན་སྤོང་དགོས་པའི་གྲོས་འཆར་ཕུལ་བ་བཞིན་ཐག་གཅོད་བྱུང་ཡོད། དེ་བཞིན་ཕྱི་ལོ་༢༠༠༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གྲོས་འཆར་འདོན་འབུལ་ཞུས་བ་བརྒྱུད་བྱམས་བརྩེ་དཀར་སྐྱོང་གི་ལོ་སྲུང་བརྩི་དང་ལོ་དེར་བོད་མི་རྣམས་ཀྱིས་དམར་ཟས་སྤོང་པའམ། ཉུང་དུ་གཏོང་དགོས་པའི་ཐག་གཅོད་བྱུང་བ་སོགས་དུས་རྒྱུན་སྲོག་བླུ་དང་དམར་ཟས་གཏན་སྤོང་གི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད།

སྐབས་འདིར་ར་ལུག་གྲངས་༡༠༡ སྲོག་བླུ་བྱས་པ་དེ་དག་ལ་རིན་གོང་ག་ཚོད་སྤྲད་ཡོད་མེད་དྲིས་པར་སྤྱིར་ར་ལུག་ཕལ་ཆེ་བར་ཧིན་སྒོར་༡༩༠༠ རེ་སྤྲད་པ་དང།  ཉུང་ཤས་ཤིག་དོ་བདག་གི་ངོས་ནས་དང་བླངས་ཀྱིས་སྒོར་༤༠༠ རེ་མར་བཅགས་ནས་༡༥༠༠ རེ་བྱས་ནས་ཉོས་པ་ཡིན། ད་དུང་བརྒྱ་དཔོན་རྣམ་རྒྱལ་རྡོ་རྗེས་གཙོས་པའི་འབྲོག་པ་གྲངས་༡༦ གིས་རིན་མེད་ཐོག་ར་ལུག་གྲངས་༢༦ ཚེ་ཐར་བཏང་ཡོད་པ་རེད། དེའི་ནང་དུ་ར་༩༦ དང་ལུག་༥ བཅས་༡༠༡ ཡོད་ཅེས་གསུངས་སོང། སྲོག་བླུ་ཚེ་ཐར་གྱི་ལས་གཞི་འདིའི་ནང་དུ་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་ཧིན་སྒོར་༡༥༠༠༠ ཞལ་འདེབས་སུ་གནང་སོང་། དེ་བཞིན་ར་ལུག་སྤྲོད་ཡུལ་བོད་རིགས་འབྲོག་པ་ཉམ་ཐག་རྣམས་ལ་ར་ལུག་དེ་དག་གི་འོ་མ་དང་ཁུ་ལུ། ཕྲུ་གུ་རྒྱུད་འཛར་སོགས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པས་སྲོག་བླུ་དང་སྦྱིན་པ་གཉིས་ཀ་ཆགས་ཀྱི་ཡོད་པས་ཧ་ཅང་དགའ་སོང་ཞེས་འགྲེལ་བརྗོད་གནང་སོང།།{jcomments on}

Share this:
༡༠༩ ཀློག་གྲངས།