ཀླུ་ཚང་དགོན་གྱི་གྲྭ་པ་བཞི་གློད་གྲོལ་བཏང་བ།

kelsanggyatso_lutsangsoapagyatso_lutsang

 

རྒྱ་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་ངོ་རྒོལ་བྱས་སྐབས། ལོ་༢༤ ཡིན་པའི་ལུང་རྟོགས་རྒྱ་མཚོ་དང་། ལོ་༢༣ ཡིན་པ་སྐལ་བཟང་རྒྱ་མཚོ། ལོ་༢༡ ཡིན་པ་བཟོད་པ་རྒྱ་མཚོ། ལོ་༢༦ བཟོད་པ་རྒྱ་མཚོ་བཅས་ཉེས་ཅན་གཏེ་བོ་ཡིན་པར་བསྒྲགས་ནས་མང་ར་རྫོང་མི་དམངས་ཁྲིམས་ཁང་གིས་མི་ལོ་༢ བཙོན་འཇུག་དུས་བཀག་བཟོས་ཡོད་པ་རྣམས།

soapagyatso_lutsang2ཟླ་འདིའི་ཚེས་༢༦ ཉིན་གློད་གྲོལ་བཏང་ཡོད་ཀྱང་། ཁོང་རྣམས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཀླུ་ཚང་དགོན་པར་དེང་སང་དམ་དྲག་སྔར་བཞིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༦༦ ཀློག་གྲངས།