བོད་རང་བཙན་གྱི་འབོད་ཚིག་འོག་གི་མཚན་ཚོགས།

baroda_colege1དེ་ཡང་ཟླ་འདིའི་ཚེས་༡༢ སྔ་དྲོ་གཙུག་ལག་སློབ་གཉེར་ཁང་དེའི་ཚོགས་ཁང་དུ་བོད་དོན་དྲིལ་བསྒྲགས་ཀྱི་མཛད་སྒོ་དབུ་འཛུགས་སྐབས། གཙུག་ལག་སློབ་གཉེར་ཁང་གི་འབྱུང་རིག་སྡེ་ཚན་གྱི་སློབ་སྤྱི་ཞིག་སྐུ་མགྲོན་གཙོ་བོར་ཕེབས་པ་དང་། རྒྱ་གར་མཐོ་རིམ་སློབ་མ་ལྔ་བརྒྱ་ལྷག་ཙམ་དང་བོད་རིགས་སློབ་མ་ཡོངས་ཚོགས་ཞུགས་བྱས་ཡོད་པ་རེད། དང་ཐོག་ས་གནས་གཞོན་ལྷན་ཚོགས་གཙོས་ལས་འགུལ་ངོ་སྤྲོད་གཏམ་བཤད་བྱས་པ་དང་། སྐུ་མགྲོན་གཙོ་བོས་ས་གནས་བོད་རིགས་སློབ་མ་རྣམས་ལ་བསྔགས་བརྗོད་དང་འབྲེལ། ཁོང་གིས་ག་དུས་ཡིན་ཡང་བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་ཀྱི་རང་བཙན་འཐབ་རྩོད་སྐོར་གཏམ་བཤད་དང་།ཧིན་བོད་འབྲེལ་མཐུད་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་གར་དང་བོད་ཀྱི་ད་ལྟ་དང་མ་འོངས་པའི་འབྲེལ་བའི་སྐོར་གཏམ་བཤད་གནང་། དེ་རྗེས་བོད་གཞུང་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གི་ཉེན་ཁའི་སྐོར་གཏམ་བཤད་གནང་།

གཙུག་ལག་སློབ་གཉེར་ཁང་གི་ནང་དུ་བོད་རིགས་སློབ་མ་ཚང་མས་༧གོང་ས་མཆོག་གི་མཛད་རྣམ་དང་བོད་ཀྱི་ཆབ་སྲིད་བཙོན་མའི་གནས་བབ།༢༠༠༨ལོའི་བོད་མིའི་སྒེར་ལངས།བོད་ནང་གི་ཁོར་ཡུག་ལ་གཏོར་བཤིགས། བོད་ཀྱི་ལོ་རྒྱུས་སོགས་ཀྱི་བརྙན་པར་དང་གློག་བརྙན་། སྦྱར་ཡིག་དཔེ་དེབ་སོགས་ལ་ངོ་སྤྲོད་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

ཚེས་༡༣ ཉིན་གྱི་མཚན་མོ་ཆུ་ཚོད་༧‚༣༠སྟེང་ས་གནས་གཞོན་ལྷན་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་དང་ཕྱི་གླེང་པ། བོད་པ་སོགས་ཀྱི་གཞས་པ་མང་པོ་ཞིག་གིས་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་(ROCK SHOW)དེང་རབས་འཁྲུགས་གཞས་འགའ་མི་མང་བརྒྱ་ཕྲག་མང་པོ་ཞིག་ལ་སྤྱན་འབུལ་ཞུས་པ་དང་མཉམ་དུ་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྐབས་དེར་བོད་དོན་སྐོར་གཏམ་བཤད་བྱས་པ་དང་། ཕྱི་ནང་བར་གསུམ་དུ་བོད་ཀྱི་རྒྱལ་དར་དང་པར་རིས། སྦྱར་ཡིག འཕྲེད་དར།  གློག་བརྙན་སོགས་ཀྱིས་ཁེངས་བ་དང་གཞས་པ་ཚང་མས་ཀྱང་བོད་རང་བཙན་གྱི་འབོད་ཚིགས་སྒྲོག་བཞིན་མཚན་ཚོགས་དེར་བོད་རང་བཙན་ཞེས་པའི་འབོད་ཚིགས་དྲག་པོ་དེས་གྲོང་ཁྱེར་འདིར་འབྲུག་སྐད་གྲགས་པ་བཞིན་གནམ་ས་གཡོ་བར་བྱས་ལ། ཡུལ་མི་སྟོང་ཕྲག་མང་པོའི་རྨི་ལམ་མང་པོ་ཡང་བོད་རང་བཙན་གྱི་འབོད་ཚིགས་དྲག་པོས་དཀྲོགས་པར་བྱས་པ་ལྟ་བུའི་ལས་འགུལ་ཚགས་ཚུད་བྱུང་ཡོད་པ་རེད།།

གནས་ཚུལ་མཁོ་གཏོང་པ་ས་གནས་མཐོ་རིམ་སློབ་མ་དབང་གྲགས་འབུམ།

{jcomments on}

Share this:
༣༣ ཀློག་གྲངས།