ཨོ་སི་ཁྲུ་ལི་ཡའི་སི་ནེའི་བོད་ཚོགས་དང་བོད་ཁང་གི་དཀའ་རྙོག

ཚོགས་པ་འདི་གཉིས་དབར་གྱི་དཀའ་རྙོག་ཡོང་རྐྱེན་གཙོ་བོ་ནི། ནམ་རྒྱུན་ས་གནས་བོད་རིགས་ཚོགས་པས་བྱེད་སྒོ་དང་ལས་འགུལ་སྤེལ་གྱི་ཡོད་པ་དེ་དག་བོད་ཁང་གིས་ཁོང་ཚོས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་པ་དང། ཡང་བོད་ཕྲུག་སློབ་མ་ཚོར་བོད་ཡིག་སློབ་ཀྱི་ཡོད་པ་བདེན་ཡང་། སློབ་བ་མང་དག་ཅིག་ལ་བོད་གཞས་སློབ་ཀྱི་ཡོད་པ་དང་ཚོགས་པ་གཞན་དང་ས་གནས་གཞན་ལ་བོད་རིག་ཚོགས་པའི་མིང་ཁུར་ཏེ་ས་གནས་གང་སར་གཞས་སྣ་འཁྲབ་སྟོན་སོགས་སུ་འགྲོ་གི་ཡོད་པ་མ་ཟད། ཚུར་་ཡོང་ཕར་འགྲོའི་རྩིས་ཁྲ་ཙམ་ཡང་བོད་རིགས་ཚོགས་པའི་རྒྱུན་ལས་ཚོར་བཤད་ཀྱི་མེད་པ་རེད། བོད་ཁང་ལ་ལས་ཀ་བྱེད་བཞིན་པའི་དབྱིན་ཇི་འགའ་ཤས་ཀྱིས་ཚོགས་པ་འདི་གཉིས་དབར་ལ་དངོས་ཤུགས་བརྒྱུད་གསུམ་ནས་དཀྲུག་ཤིང་རྒྱག་གི་ཡོད་སྐོར་དང་། བོད་རིགས་ཚོགས་པའི་བྱེད་བཞིན་ལས་བྱ་ཡོངས་རྫོགས་ཁོ་ཚོང་བྱེད་ཀྱི་ཡོད་སྐོར་སོགས་ཨོ་གཞུང་ལས་ཁུངས་ཆེ་ཁག་ལ་ཞུས་ཏེ་ཁོ་ཚོར་རོགས་རམ་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར་ནས་འགྲེལ་བཤད་རྒྱག་གི་འདུག

དཀའ་རྙོག་དེའི་སྐོར་ལ་ད་སྔོན་ཚོགས་འདུ་ཐེངས་མང་འཚོགས་ཡོད་ཀྱང་གནད་དོན་དེ་སེལ་ཐུབ་མི་འདུག་ལ། དཀའ་ངལ་འདིའི་དབང་གིས་ས་གནས་བོད་རིགས་ཚོགས་པའི་ཚོགས་མིའི་ནང་བསམ་ཚུལ་མང་པོ་ཡོད་པ་དང། ལྷག་པར་དུ་བོད་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་མི་མང་ལ་གསལ་བཤད་ཐེངས་མང་བརྒྱབ་པ་དང་། ཁོ་རང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་ཡིག་ངག་གཉིས་ཀྱི་ཐོག་ནས་གསལ་བསྒྲགས་བྱས་ཡོད་པ་རེད། ཁོང་གིས་དགོངས་པ་ཞུ་དགོས་དོན་བོད་རིགས་ཚོགས་པའི་ཚོགས་གཙོ་ཚད་ལྡན་ཞིག་དང་ཤེས་འཇོན་གཉིས་ལྡན་གྱི་རྒྱུན་ལས་འདེམས་དགོས་པ་དང་། དཀའ་ངལ་འདི་སེལ་ཐབས་བྱེད་དགོས་སྐོར་དང་ང་སེམས་ཤུགས་ཆགས་པ་དང་འགག་རྩར་ཐུག་དུས་ལས་གཞི་གཡུགས་པ་དེ་འདྲ་གཏན་གནས་མིན་སྐོར་སོགས་བརྗོད་ཡོད་འདུག ད་དུང་ཚོགས་པའི་དྲུང་ཆེ་སོགས་རྒྱུན་ཁ་ཤས་ཀྱང་དགོངས་པ་ཞུས་ཟིན་ནའང་། ཚོགས་གཙོ་གཙོས་པའི་རྒྱུན་ལས་སུ་ཞིག་དགོངས་ཞུ་བྱས་པར་ས་གནས་མི་མང་གིས་དང་ལེན་བྱས་མེད་པ་རེད།

ཟླ་འདིའི་ཚེ་༡༥ ཉིན་ས་གནས་བོད་རིགས་ཚོགས་པའི་ཤུལ་ལྷག་རྒྱུན་ལས་ལྔ་ཡིས་ཚོགས་གཙོ་དང་དྲུང་ཆེ་སོགས་རྒྱུན་ལས་གསར་པ་འོས་འདེམས་དགོས་པ་སོགས་ཀྱི་འོས་མི་འགྲེམས་སྤེལ་བྱས་པ་དང་། ཚོགས་འདུ་ཞིག་སབསྐོང་ཡོད་པ་རེད། ས་གནས་བོད་རིགས་མི་མང་ཡང་སྔར་དང་མི་འདྲ་བར་ཧ་ཅང་མང་པོ་སླེབས་ཡོད་པ་དང་། གོ་སྒྲིག་བྱེད་མཁན་རྒྱུན་ལས་ལྔ་ཡི་ནང་ནས་རྒྱུན་ལས་ལུས་བཟང་ལགས་ཀྱིས་འོས་བླུག་དགོས་པའི་རྒྱུ་མཚན་དང་དེའི་རིང་འོས་བསྡུ་བྱས་པའི་རྒྱུན་ལས་དེ་དག་གིས་ཀ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་དང། འོས་བླུག་ཚར་ཟིན་པའི་རྗེས་ནས་འོས་ཤོག་གྲངས་བཤེར་སྐབས་ཀྱི་དུས་ཚོད་ཐུང་ངུ་ཞིག་ཡོད་པ་རེད། དེའི་སྐབས་མི་མང་ནང་བསམ་ཚུལ་ཡོད་ན་སྐར་མ་གཉིས་གསུམ་རིང་བཤད་ན་འགྲིག་གི་རེད་ཅེས་བཤད་མ་ཐག འོས་ཤོག་མི་མིང་ལ་སྤྲད་པ་དང་། སྐབས་དེར་ས་གནས་ཀྱི་མི་དཔལ་འབྱོར་ཚེ་རིང་གིས་འོས་མ་བླུག་གོང་སྐད་ཆ་འགའ་ཤས་བཤད་དགོས་ཞེས་ཡར་ལངས་ཏེ། ཚོགས་གཙོ་འཇིགས་མེད་གང་དུ་ཕྱིན་སོང། ཁོང་འདིར་མ་སླེབས་ན་ང་ཚོས་འོས་བླུག་དགོས་ཀྱི་ཨེ་རེད། ང་ལ་འདིའི་ཐད་ལ་འདོད་པ་མེད་ལ་འོས་ཀྱང་བློག་གི་མིན་ཞེས་བཤད་ཡོད་པ་མ་ཟད་འོས་སྒམ་མར་བླངས་ཏེ་རལ་ཏེ་ས་ལ་གཡུགས་ཡོད་པ་རེད།

རྒྱུན་ལས་རྣམ་གྱིས་ཁྱོད་ཀྱིས་དེ་ལྟར་མ་བཤད་སོགས་ད་ལྟ་ང་ཚོས་འོས་བླུག་དགོས་རེད་ཅེས་བཤད་ཀྱང་ཁོས་ངོས་ལེན་མེད་སྐོར་བཤད་ཡོད་པ་དང་། དེ་བཞིན་མི་མང་ནང་ནས་དོན་གྲུབ་བཀྲ་ཤིས་དང་བསོད་ནམ་དོན་འགྲུབ། བུ་ཚེ་ལྷ་སོགས་མི་མང་པོ་ཞིག་ཡར་ལངས་ཏེ་གནད་དོན་འདིར་ངོས་ལེན་མེད་ལ་འོས་ཀྱང་བླུག་གི་མིན་ཞེས་ངར་ཤུགས་ཆེན་པོའི་ཐོག་ནས་བཤད་ཡོད་པ་རེད། གླེང་རྙོག་འདི་བོད་ཁང་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་ཀྱིས་ཆེད་དུ་བོད་རིགས་མི་མང་ལ་མགོ་སྐོར་བཏང་ནས་བཟོས་པ་ཞིག་ཡིན་སྐོར་ས་གནས་བོད་མི་མང་དཀྲུག་པ་ཞིག་ཡིན། དཀའ་ངལ་འདི་མ་སེལ་བར་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་དགོངས་པ་ཞུ་མི་ཆོག་ལ་རྡོ་རྗེ་དགྲ་འདུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་ཞེས་བཤད་སོང༌།

དེའི་མཚམས་ནས་ཚོགས་གཙོ་འཇིགས་མེད་རྡོ་རྗེ་སླེབས་དང་བོད་རིགས་ཚོགས་དང། བོད་ཁང་དབར་གྱི་མི་འགྲིག་པའི་དཀའ་རྙོག་སོགས་ཀྱི་ཐད་ལ་ཡང་བསྐྱར་གསལ་བཤད་བྱས་ཡོད་པ་དང། དེ་རིང་རྒྱུན་ལས་ལྔ་ཡིས་འོས་ཤོག་བླུག་པའི་ལས་གཞི་འདི་བཀོད་སྒྲིག་བྱེད་དགོས་བྱུང་བ་ཁག་མེད་ཡིན་སྐོར་སོགས་ཀྱི་ཐད་ལ་བསལ་བཤད་བྱས་ཡོད་པ་རེད།

མི་མང་ནང་ནས་རྒྱ་ཆ་ཉུང་ཤས་ཤིག་གི་འོས་ཤོག་བླུག་མ་ཚོགས་ཁང་གི་ཕྱིར་ཐོན་ཡོད་པ་རེད། གང་ལྟར་ས་གནས་མི་མང་བརྒྱ་ཆ་མང་ཤོས་ཀྱིས་རེ་སྐུལ་བྱས་པ། ད་ཡོད་སྐབས་བཅུ་པའི་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་རྒྱུན་ལས་ཡོངས་ཀྱི་ནང་ནས་རྡོ་རྗེ་དགྲ་འདུལ་རྒྱུན་ལས་ནས་ཐད་ཀར་ཕྱིར་ཕུད་དགོས་ཞེས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་སོང་། དེ་མིན་རྒྱུན་ལས་སུ་ཞིག་དུས་ཡུན་མ་རྫོགས་པར་དགོངས་ཞུ་བྱེད་མི་རུང་བ་དང་བོད་ཁང་དང་བོད་རིགས་ཚོགས་པ་གཉིས་ཀྱི་འགལ་ཟླ་དེ་སེལ་མ་ཐུབ་པར་དུ་ང་ཚོས་བོད་ཁང་གི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་ལ་ངོ་རྒོལ་བྱེད་ངེས་ཡིན་ཟེར་ནས་མི་མང་པོ་ཞིག་གིས་གཏམ་བཤད་བྱས་སོང་། མཐར་ས་གནས་བོད་རིགས་མི་མང་བརྒྱ་ཆ་མང་ཤོས་ཀྱིས་ང་ཚོའི་ངོས་ནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ལ་དགོངས་པ་སྤྲད་མེད། མུ་མཐུན་ནས་ལས་གནས་ལ་འདུག་དགོས་པ་སོགས་ཀྱིས་རེ་སྐུལ་ཡང་ཡང་ཞུས་པར་བརྟེན་དུས་ཡུན་མ་རྫོགས་པར་དུ་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱིས་སྔར་བཞིན་ལས་ཀ་བྱེད་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད།

བོད་རིགས་ཚོགས་པ་ནི་ས་གནས་བོད་རིགས་རྣམས་རྡོག་རྩ་ཆིག་བསྒྲིལ་ཡོང་བ་དང་བོད་མི་རིགས་འདི་ད་སྐབས་འཛམ་གླིང་གི་ཡུལ་གྲུ་འདྲ་མི་སྣ་ཚོགས་ན་ཁ་འཐོར་གནས་ཡོད་པའི་དུས་སྐབས་འདིར་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དང་། མ་འོངས་བོད་ཕྲུག་གཞོན་སྐྱེས་ལོ་ཆུང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཡོང་ཆེད་དུ་བཙན་བྱོལ་བོད་གཞུང་གིས་ངོས་ནས་ཆེད་འཛུགས་བྱས་པ་མ་ཟད། ཨོ་སི་ཁྲི་ལི་ཡའི་༸གོང་མཆོག་གི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་དུ་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང། ཚོགས་མི་རྣམས་ཀྱང་མི་མང་གི་ངོས་ནས་མང་གཙོའི་འགྲོ་ལུགས་ལས་མ་རྒལ་བར་འོས་བསྡུ་བྱེད་བཞིན་ཡོད་པ་རེད་ལ་ཨོ་གཞུང་ལ་དེབ་སྐྱེལ་བྱས་ཟིན་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཡིན་པ་རེད། ལས་དོན་ནི། བོད་རིགས་གསར་འབྱོར་བ་གནམ་ཐང་དུ་སླེབས་མ་ཐག་ནས་སྣེ་ལེན་དང་སྡོད་གནས་བཀོད་སྒྲིག དངུལ་ཁང་། སྨན་ཁང་། འཕྲོད་བསྟེན་ལས་ཁུངས་སོགས་སུ་ངོ་སྤྲོད་བྱེད་པ་དང་སྐད་སྒྱུར་སོགས་ཀྱི་རོགས་རེམ་འཐུས་གཙང་བྱེད་བཞིན་ཡོད་པ་རེད། ད་དུང་བོད་གཞུང་གི་བྱེད་སྒོ་སོགས་འཕྲོད་ནས་། ༸གོང་ས་མཆོག་གི་འཁྲུངས་སྐར་དང་། གསུམ་བཅུའི་དུས་དྲན། བོད་ཀྱི་ལོ་གསར། བཀའ་ཁྲིའི་འོས་འདེམས། རང་དབང་བཅའ་ཁྲལ་བསྡུ་ལེན་སོགས་ཀྱི་ཐད་ལ་ལས་ཀ་བྱེད་བཞིན་ཡོད་པ་རེད།

ས་གནས་འདིར་ཡོད་བོད་ཁང་ཟེར་བ་འདི་ནི། བོད་རིགས་ཚོགས་པའི་རྒྱུན་ལས་ནང་གི་རིག་གཞུང་འགན་འཛིན་རྒན་རྡོ་རྗེ་དགྲ་འདུལ་ཟེར་བ་ཞིག་གིས་སྒེར་ངོས་ནས་ཨོ་སི་ཁྲུ་ལི་ཡའི་གཞུང་ལ་དེབ་སྐྱེལ་བྱས་ཟིན་པའི་ཚོགས་པ་ཞིག་ཡིན་པ་རེད་འདུག ཚོགས་མིའི་གྲུབ་ཆ་ནི་མི་མང་གི་འོས་བསྡུ་བྱེད་ཀྱི་མེད་པ་མ་ཟད་མི་མང་པོ་ཞིག་གིས་ཚོགས་པ་དེར་ཚོགས་ག་ཚོད་ཡོད་ཧ་གོ་གི་མེད་པ་རེད་ལ་ཚོགས་པ་དེའི་ནང་དུ་བོད་པ་གསུམ་ལས་ཡོད་པ་མ་རེད་ཟེར། དེ་མིན་ཚང་མ་དབྱིན་ཇི་ཡིན་འདུག རྡོ་རྗེ་དགྲ་འདུལ་གྱིས་ས་གནས་བོད་པ་ཁྱིམ་ཚང་ཁག་གི་བུ་ཕྲུག་ཚོར་བོད་ཀྱི་རིག་ངོས་སྤྲོད་དང་བོད་ཡིག་སློབ་ཀྱི་ཡོད་འདུག

ཨོ་སི་ཁྲི་ལི་ཡའི་གྲོང་ཁྱེར་སི་ནེ་མཚོ་ཁུལ་ནས། ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ 2011 ཟླ་ 1 ཚེས་ 16 ལ༎

{jcomments on}

Share this:
༥༧ ཀློག་གྲངས།