བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས།

བྱང་ཨ་རི་དང་ཡུ་རོབ་ཀྱི་ཁོངས་ནས་འོས་དམིགས་ ༤ རེ་དང། དེའི་སྒང་ལ་དབུས་གཙང་ཆོལ་ཁའི་ཁོངས་ནས་སྤྱི་འཐུས་དྭང་བླངས་བ་ ༣ དང་མདོ་སྟོད་ཁོངས་ནས་ ༡། བྱང་ཨ་རིའི་ཁོངས་ནས་ ༡། ཡུ་རོབ་ཁོངས་ནས་ ༡ བཅས་སྤྱི་འཐུས་དྭང་བླང་བ་མི་ ༦ ཁྱབ་བསྒྲགས་བྱས་སོང།

བཀའ་ཁྲིའི་འོས་དམིགས་༡  བློ་བཟང་སེང་གེ། ༢ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༣ བཀྲིས་དབང་འདུས་བཅས་ཡིན་པ་རེད།

election-commission-announces-nominees-of-general-electionདང་ཐོག་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས། བཀའ་སྤྱི་གཉིས་ཀྱི་འོས་དམིགས་ཁོངས་ནས་དགོངས་པ་ཞུས་པ་དང་ཕྱིར་འཐེན་བྱས་པ་བཅས་ཀྱིས་ལས་རིམ་གྲུབ་པ་དང། དེ་ནས་དངོས་གཞིའི་འོས་དམིགས་ཁོངས་སུ་ཞུགས་མཁན་བཀའ་སྤྱི་གཉིས་ཀྱི་འོས་མི་རྣམས་ལ། ས་གནས་དང་དབུས་འོས་བསྡུ་ལས་ཁང་གཉིས་ཀས། འོས་མི་ཚོར་དགོས་པའི་ཆ་རྐྱེན་རྣམས་ཚང་ཡོད་མེད་ཞིབ་འཇུག་དཔྱིས་ཕྱིན་གནང་སྟེ། བཀའ་སྤྱི་གཉིས་ཀའི་དངོས་གཞིའི་འོས་དམིགས་ཁྱབ་བསྒྲགས་བྱས་པ་ཡིན་ཞེས་གསུངས་པ་དང།  གསར་འགོད་པ་ཚོས་དངོས་གཞིའི་འོས་བསྡུའི་སྐབས་བལ་ཡུལ་དང་འབྲུག་ཡུལ་གཉིས་ཀྱི་ནང་། སྔོན་འགྲོའི་སྐབས་ལྟར་དཀའ་ངལ་མི་ཡོང་བའི་ཆེད་དུ་ལས་གཞི་གང་ཡོད་མེད་ཅེས་དྲིས་པའི་ལན་དུ། འོས་བསྡུ་ལས་ཁང་གི་ངོས་ནས་བལ་འབྲུག་གཉིས་ཀྱི་ནང་དུ་སྤེལ་རྒྱུའི་ལས་གཞི་ཞིག་སྤྱི་འཐུས་ལྷན་ཁང་དུ་ཕུལ་ཟིན་པ་དང། ཁོང་རྣམས་ཀྱིས་ཐག་གཅོད་ཇི་ལྟར་བྱུང་ན་དེ་ལྟར་ལག་བསྟར་བྱེད་དགོས་པ་ལས་ང་ཚོས་གང་འདོད་བྱེད་རྒྱུ་མེད་པ་རེད། དེ་ཡང་ལག་ལེན་བསྟར་ཕྱོགས་རྗེས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞེས་གསུངས་སོང།

དེབ་སྐྱེལ་འཕར་མའི་སྐབས་གྲངས་ཚད་ཇི་ཙམ་འཕར་ཡོད་མེད་ཀྱི་ལན་དུ། ད་ལྟའི་སྐབས་ས་གནས་ཁག་ནས་དེབ་སྐྱེལ་འཕར་མའི་གྲངས་ཚད་ཇི་ཡོད་ཀྱི་ཐོ་གཞུང་ཆ་ཚང་འབྱོར་མེད་པས། ཟླ་འདིའི་ཚེས་༢༥ ནས་ཡོངས་རྫོགས་དབུས་འོས་བསྡུའི་ལས་ཁང་དུ་འབྱོར་དགོས་ཀྱི་ཡོད་པས། དེའི་སྐབས་གྲངས་ཚད་ཇི་ཙམ་འཕར་ཡོད་མེད་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་སོང།

དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས། ༡ ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། ༢ པད་མ་འབྱུང་གནས། ༣ སྒྲོལ་མ་ཚེ་རིང། ༤ ཀརྨ་ཡེ་ཤེས། ༥ ཟླ་བ་ཚེ་རིང། ༦ བུ་མོ་ཚེ་རིང།  ༧ ཟླ་བ་ཕུན་སྐྱིད། ༨ ཚེ་བརྟན་ནོར་བུ། ༩ འཇིགས་མེད་འབྱུང་གནས། ༡༠ ཨོ་རྒྱན་བསྟན་འཛིན། ༡༡ འཇམ་དབྱངས་རྡོ་རྗེ། ༡༢ ངག་དབྱངས་ལྷ་མོ། ༡༣ སྒོ་དྲུང་སྐལ་བཟང་ཕུན་ཚོགས། ༡༤ དགེ་བཤེས་སྐལ་བཟང་དགྲ་འདུལ། ༡༥ ཤར་གླིང་བསྟན་འཛིན་ཟླ་སྒྲོན། ༡༦ ཚེ་རིང་སྒྲོལ་མ། ༡༧ འཆི་མེད་གཡུང་དྲུང། ༡༨ བསོད་ནམས་བཟང་པོ། ༡༩ བྱ་ཉལ་ཚེ་རིང་ལྷ་སྐྱབས། ༢༠ སྨན་རམས་པད་མ་རྡོ་རྗེ། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་སུ་དྭང་བླང་བ། ༡ ཕུན་རབ་ཆོས་བཟང། ༢ ལུང་རིགས་བསོད་ནམས། ༣ དཀོན་མཆོག་ཚེ་རིང་བཅས་མི་གྲངས་གསུམ་བྱུང་ཡོད་པ་རེད།

མདོ་སྟོད་ཆོལ་ཁའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས། ༡ འབའ་བ་སྐལ་བཟང་རྒྱལ་མཚན། ༢ འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ༣ གསེར་རྟ་ཚུལ་ཁྲིམས། ༤ ཚུལ་ཁྲིམས་བསྟན་འཛིན། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ དབུ་དཀར་ཚང་གཡུ་སྒྲོན། ༧ གངས་ལྷ་མོ། ༨ ཆོས་སྐྱོང་དབང་ཕྱུག ༩ བློ་བཟང་ཡེ་ཤེས། ༡༠ རྡོ་རྗེ་དབང་འདུས། ༡༡ འཇམ་དབྱངས་བཟོད་པ། ༡༢ སྒ་པ་ལྷ་མོ། ༡༣ ཆོས་འཕེལ་ཐུབ་བསྟན། ༡༤ པད་མ་བདེ་ལེགས། ༡༥ དབྱངས་ཅན་སྒྲོལ་དཀར། ༡༦ གྲའུ་ཚེ་བརྟན། ༡༧ ཟླ་བ་སྒྲོལ་མ། ༡༨། ཀརྨ་མཁས་གྲུབ། ༡༩ གོ་བོ་བློ་བཟང་ཕན་བདེ། ༢༠ ངག་དབང་བསྟན་པ། མདོ་སྟོད་ཆོལ་ཁའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་སུ་དྭང་བླང་བ། ༡ བཀྲིས་ཕུན་ཚོགས་བཅས་ཡིན་པ་རེད།

མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས། ༡ སྤེན་པ་ཚེ་རིང། ༢ རྒྱ་རོང་ཟླ་བ་ཚེ་རིང། ༣ ཐུབ་བསྟན་ལུང་རིག། ༤ འཕེལ་རྒྱལ་སྒྲོལ་མ་མཚོ་མོ། ༥ བསོད་ནམས་རྒྱལ་མཚན། ༦ ཀིརྟི་སྒྲོལ་དཀར་ལྷ་མོ། ༧ སྒྲོལ་དཀར་སྐྱབས། ༨ ཚེ་རིང་གཡུ་སྒྲོན། ༩ ཡེ་ཤེས་སྒྲོལ་མ། ༡༠ སྨན་པ་མཁྱེན་རབ། ༡༡ རྨོག་རུ་བསྟན་པ། ༡༢ རྒྱ་རིགས་ཐར། ༡༣ ཀུན་ཐར་དོན་གྲུབ། ༡༤ བློ་བཟང་དཔལ་ལྡན། ༡༥ ཀརྨ་དགེ་ལེགས། ༡༦ ཆབ་བྲག་ལྷ་མོ་སྐྱབས། ༡༧ ཀླུ་མཁར་བྱམས། ༡༨ བཀྲིས་དོན་གྲུབ། ༡༩ ཚངས་དབྱངས་རྒྱ་མཚོ། ༢༠ ཚེ་རིང་རྡོ་རྗེ།

བྱང་ཨ་རིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས། ༡ བཀྲིས་རྣམ་རྒྱལ། ༢ ནོར་བུ་ཚེ་རིང། ༣ ཀུན་དགའ་འཕྲིན་ལས། ༤ བཀྲིས་ཕུན་ཚོགས། བྱང་ཨ་རིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་ནས་དྭངས་བླང་བ། ༡ བདེ་སྐྱིད་ཆོས་དབྱངས་ཡིན་པ་རེད།

ཡུ་རོབ་ཀྱི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས། ༡ ཐུབ་བསྟན་དབང་ཆེན། ༢ དབང་པོ་བཀྲས་མཐོང། ༣ ཆུང་བདག་ཀོ་རིན། ༤ བསམ་མདོ་བྱམས་པ་ཚེ་རིང། ཡུ་རོབ་ཀྱི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་ནས་དྭངས་བླང་བ། ༡ སྨོན་མཁར་བསོད་ནམས་ཕུན་ཚོགས་བཅས་ཡིན་པ་རེད།

ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་འོས་དམིགས། རྙིང་མ། ༡ སློབ་དཔོན་བསོད་ནམས་བསྟན་འཕེལ། ༢ རྒྱ་རི་བུ་ཕྲུག། ༣ སློབ་དཔོན་དྲི་མེད་རྒྱལ་མཚན། ༤ མཁན་པོ་ཆོས་དབྱིངས།

བཀའ་བརྒྱུད། ༡ བསྟན་པ་ཡར་འཕེལ། ༢ ཀརྨ་ཆོས་འཕེལ། ༣ ཁང་དཀར་དབང་ཕྱུག་རྡོ་རྗེ། ༤ བླ་མ་འཕྲིན་ལས།

ས་སྐྱ། ༡ ནོར་བུ་ཚེ་རིང། ༢ ཆོས་གྲགས་རྒྱ་མཚོ། ༣ དགེ་བཤེས་ག་ཟི་ཚེ་རིང་པོ། ༤ ཐུབ་བསྟན་རྒྱལ་མཚན།

དགེ་ལུགས། ༡ རོང་པོ་བློ་བཟང་སྙན་གྲགས། ༢ ཨ་ཀྲུག་ཚེ་བརྟན། ༣ དགེ་བཤེས་བློ་བཟང།  ༤ འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན།

བོན་པོ། ༡ དགེ་བཤེས་སྨོན་ལམ་མཐར་ཕྱིན། ༢ བ་ར་ཚེ་དབང་བཀྲིས། ༣ དགེ་བཤེས་རྣམ་དག་གཙུག་ཕུད། ༤ བློ་བཟང་རྒྱ་མཚོ་བཅས་ཆགས་ཡོད་པ་རེད།

{jcomments on}

Share this:
༩༨ ཀློག་གྲངས།