དགའ་བསུ་ཞུ་མཁན་ཚོར་གླ་ཆ་སྤྲད་འདུག

ཟླ་འདིའི་ཚེས་༢༡ ཨི་པོག་དུས་བབ་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཨ་རིར་ཉིན་༤ རིང་སྐོར་བསྐྱོད་བྱས་པའི་སྐབས། བོད་དང་ཡུ་གུར་མི་རིགས་ཀྱིས་གཙོ་བོར་གྱུར་པའི་ངོ་རྒོལ་བ་ཚོས། སྲིད་འཛིན་ཧུའུ་གང་དུ་སོང་བ་དང་གང་ནས་བསྡད་ཀྱང་ས་གནས་དེར་ངོ་རྒོལ་གྱི་ལས་འགུལ་མཚམས་ཆད་མེད་པཔར་སྤེལ་ཡོད་པ་རེད།

chinese paid well come hu

དེ་བཞིན་ཡུལ་དེར་ཡོད་པའི་རྒྱ་རིགས་མཐུན་ཚོགས་ཀྱི་མི་དང་། རྒྱ་རིགས་སློབ་མ་ཚོས་ལག་ཏུ་རྒྱལ་དར་འཕྱར་ནས་སྲིད་འཛིན་ཧུའུ་ལ་དགའ་བསུ་ཞུ་མཁན་ཡང་མང་པོ་བྱུང་ཡོད་པ་དང་། ངོ་རྒོལ་བྱེད་མཁན་དང་དགའ་བསུ་ཞུ་མཁན་གཉིས་ཀྱི་མི་ཚོགས་ཁྲོད་དུ། རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་འོག།དགའ་བསུ་ཞུ་བར་ཡོང་མཁན་ཚོར་གླ་ཆ་སྤྲོད་བཞིན་པའི་པར་རག་ཡོད་པ་དང། རྗེས་སུ་རྒྱ་རིགས་སློབ་མ་ཚོས་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་རྒྱ་རིགས་ཚོར་དགའ་བསུའི་གླ་ཆ་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

ཨ་རིར་ཡོད་པའི་རྒྱ་རིགས་སློབ་མ་དང་དེ་མིན་གྱི་རྒྱ་རིགས་སྟོང་ཕྲག་མང་པོས་སྲིད་འཛིན་ཧུའུ་ལ་དགའ་བསུ་ཞུས་ཡུན་རིང། རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་དར་དང་འཕྲེད་དར། སྡོད་གནས། ཟས་གྲོན་སོགས་གོ་སྒྲིག་བྱས་ཡོད་པ་དང། སྐབས་དེར་ཨ་རིའི་གྲོང་ཁྱེར་ཧྤ་ལཱ་ཌིལ་ཧྤི་ཡ་ནང་ཡོད་པའི་རྒྱ་རིགས་ཤིག་གིས་གསར་འགོད་པར། “ང་ཟ་ཁང་ནང་དུ་ཕོར་བ་འཁྲུ་མཁན་ཡིན་པ་དང་ད་ཐེངས་སྲིད་འཛིན་ཧུའུ་ལ་དགའ་བསུའི་ཚོགས་པར་ཞུགས་ནས། ཉིན་གཅིག་རིང་ཨ་སྒོར་༥༥ དགའ་བསུའི་གླ་ཆ་སྤྲད་བྱུང་”ཞེས་བརྗོད་ཡོད་པ་རེད། དགའ་བསུ་ཞུ་མཁན་ཚོར་གླ་ཆ་ཨ་སྒོར་༢༠ ནས་༨༠ བར་སྤྲད་ཡོད་པ་རེད།

རྒྱ་རིགས་སློབ་མ་འགས་སྲིད་འཛིན་ཧུའུ་ལ་དགའ་བསུ་ཞུ་བར་བཅར་པ་དེ། “ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ང་ཚོར་དཀའ་ངལ་མི་བཟོ་བའི་ཆེད་དང། དེ་བཞིན་རྒྱལ་ནང་དུ་ཡོད་པའི་ནང་མི་གཉེན་འབྲེལ་སོགས་ལ་དཀའ་ངལ་མི་ཡོང་བའི་ཆེད་དུ་ཡིན་”ཞེས་བརྗོད་ཡོད་པ་དང། སློབ་མ་ལ་ལས་རྒྱ་རིགས་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ངོ་རྒོལ་བ་ཚོར། “ང་ཚོ་དགའ་བསུ་ཞུ་བར་ཡོང་ཡོད་ཀྱང་དོན་དུ་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་བརྗོད་ཡོད་པ་རེད།

{jcomments on}

Share this:
༦༡ ཀློག་གྲངས།