ཡུ་རོབ་གྲོས་ཚོགས་ནང་བོད་མི་ཁག་ཅིག་ལ་ཟབ་སྦྱོང་སྤྲོད་འཆར།

ཟབ་སྦྱོང་སྔ་མ་དེ་ཟླ་༣ ཚེས་༡ ནས་གཟའ་འཁོར་བཞིའི་རིང་ཡུ་རོབ་གནས་སྡོད་བོད་མི་ན་གཞོན་རྣམས་ལ། ཡུ་རོབ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང། གནད་དོན་གླེང་སློང་། འཛིན་སྐྱོང་ལས་དོན་ཐོག་གོ་རྟོགས་སྤེལ་ཆེད་དུ་ཡིན་པ་དང། ཟབ་སྦྱོང་ལ་ཞུགས་མཁན་ཚོའི་ཆ་རྐྱེན་གཙོ་བོ་རྣམས་ནི། སློབ་གྲྭ་ཆེ་བ་མཐར་སོན་པ་དང་ཉུང་མཐར་རང་ལོ་༢༥ ལོན་པ་ཞིག་དགོས་ཀྱི་ཡོད་པ་དང། ཟབ་སྦྱོང་གི་རིང་སྡོད་ཁང་ཡུ་རོབ་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་གྲ་སྒྲིག་གནང་འཆར་ཡོད་འདུག

ཟབ་སྦྱོང་ཕྱི་མ་དེ་ཟླ་༥ ཚེས་༢༣ ནས་ཟླ་༧ ཚེས་༡༤ བར་ཟླ་གྲངས་གཉིས་མ་ཟིན་ཙམ་གནང་འཆར་ཡོད་པ་དང། ཟབ་སྦྱོང་འདིའི་ནང་ཞུགས་མཁན་ཚོ་རང་ལོ་༢༠ ལོན་པའི་ཐོག སློབ་ཡོན་ཡུ་སྒོར་༡༠༠༠ འབུལ་རྒྱུ་ཡིན་འདུག དེ་བཞིན་སྡོད་ཁང་འབྲེལ་ཡོད་ཟབ་སྦྱོང་བ་རང་ཉིད་ཀྱི་གོ་སྒྲིག་ཞུ་དགོས་ཀྱི་ཡོད་འདུག ཟབ་སྦྱོང་འདི་ལྟར་སྤྲོད་དགོས་དོན་འབྲེལ་ཡོད་ཀྱི་བརྗོད་པ་ལྟར་ན། གཞི་རྒྱ་ཆེ་བའི་ཡུ་རོབ་མཉམ་འབྲེལ་དང་ཡུ་རོབ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ལ། བོད་པའི་ན་གཞོན་ཚོས་ཤེས་རྟོགས་བྱེད་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཡིན་པ་དང། དེ་བཞིན་བོད་པའི་ན་གཞོན་ཚོ་རིག་གཞུང་སྣ་འཛོམས་ཀྱི་ཁོར་ཡུག་ནང་ཡོད་པས། ཁོར་ཡུག་འདི་འདྲའི་ཁྲོད་ནས་ལས་ཀ་བྱེད་ཐུབ་པར་ཕན་ཐོགས་ཡོང་གི་རེད་ཅེས་བརྗོད་ཡོད་པ་རེད།།

{jcomments on}

Share this:
༡༢ ཀློག་གྲངས།