རྨ་ཆུ་རྫོང་དུ་བོད་མི་གཉིས་ལ་ཁྲིམས་ཆད།

རྒོ་ཤུལ་བློ་བཟང་ནི་དབལ་པཎ་ཞང་རྒྱུ་ཚ་སྡེ་པའི་མི་ཡིན་ལ། ད་ལོ་རང་ལོ་༣༨ ཡིན། ཕྱི་ལོ་༢༠༠༨ ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་གཞུང་གིས་རྨ་ཆུ་རྫོང་དབལ་པཎ་ཞང་གི་ཞི་རྒོལ་གྱི་སྣེ་ཁྲིད་དང་སྐུལ་སློང་བྱ་མཁན་ལ་ངོས་འཛིན་བྱས་སྟབས་ཁོང་བྲོས་བྱོལ་གྱི་འཚོ་བར་རོལ་འགོ་ཚུགས། ཕྱི་ལོ་༢༠༡༠ ཟླ་༩ ཚེས་༡༠ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་གཅར་རྡུང་དང་ཚ་འདྲི་སྣ་ཚོགས་བྱས་མཐར། ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༢༦ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁྲིམས་ཆད་ལོ་༡༡ བཅད་དེ་རྨ་ཆུ་རྫོང་དུ་བཙོན་བཅུག་བྱས་ཡོད་འདུག

ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༡༤ ཉིན་རྨ་ཆུ་རྫོང་དབལ་པཎ་ཞང་རོང་སྐོར་སྡེ་བའི་ཕ་སྐལ་ལྡན་གྱི་བུ་རང་ལོ་༡༦ ཡིན་པ་ཐུབ་བསྟན་དར་རྒྱས་དང༌། ཕ་སྦྱིན་རིང་མོའི་བུ་རང་ལོ་༡༥ ཡིན་པ་རྡོར་བྷེ་གཉིས་རྨ་ཆུ་རྫོང་མཁར་དུ་ཡོང་སྟེ་བོད་ལ་རང་བཙན་དགོས། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་གིས་ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་མཐར། རང་ལོ་༡༥ ཅན་གྱི་རྡོར་བྷེ་གཟུགས་པོ་ནད་གཅོང་བཟོས་རྗེས་གློད་གྲོལ་བཏང་ཡང༌། ཐུབ་བསྟན་འཕེལ་རྒྱས་ལ་ཀན་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་གཅིག་དང་ཟླ་དྲུག་གི་ཁྲིམས་ཐག་བཅད། ཁོང་གཉིས་འཛིན་བཟུང་དང་འདྲི་ཞིབ་ཀྱི་ལས་རིམ་ཁྲོད་ནང་མིར་འཛིན་བཟུང་བརྡ་སྦྱོར་དང༌། ཁྲིམས་རའི་བརྡ་སྦྱོར་སོགས་ཁྲིམས་ལུགས་ཀྱི་གོ་རིམ་གང་ཡང་མ་བརྒྱུད་པར་ཁྲིམས་གཅོད་བཙན་འགེལ་བྱས་ཡོད་འདུག  ། རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས།

{jcomments on}

Share this:
༤༧ ཀློག་གྲངས།