དཔྱད་ཞིབ་ཡག་པོ་ཡོད་ངེས་པས་སློབ་སྟོན་གནང་རོགས།

ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་བློ་སེང་ལ་ཐག་བཅད་ཟིན་འདུག་པས་ཁོང་གི་སྐོར་དཔྱད་ཞིབ་ཞིབ་ཕྲ་བྱས་ནས་ཐུགས་ཐག་བཅད་ཡོད་ངེས། ངས་ཀྱང་སྤྱི་སྟངས་ཁོང་གི་སློབ་སྦྱོང་དང་སྤོབས་པ། དེ་བཞིན་ད་ཕན་འོས་བསྡུའི་སྐོར་གྱི་གསལ་བསྒྲགས་སོགས་ལས་འགུལ་ཧ་ཅང་ཚགས་ཚུད་སྤེལ་བ་མ་ཟད་བགྲོ་གླེང་སོགས་ཀྱི་སྐབས་སུ་གཏམ་བཤད་སོགས་ལ་ཧ་ཅང་མོས་པ་ཆེ་པོ་བྱུང་། འོན་ཀྱང་ང་ལ་དོགས་གནས་ཆེན་པོ་ཞིག་ནི་གལ་ཏེ་ཁོང་ལ་བཀའ་ཁྲིའི་ཞབས་སྟེབས་དེ་ཐོབ་སོང་ན་ང་ཚོའི་སྤྱི་ཚོགས་ནང་གི་རྒན་རབས་པ་རྣམས་སྣང་བ་འགྲོ་ནས་ལས་དོན་ཡག་པོ་སྒྲུབ་ཀྱིན་ཨེ་ཡོང་། དེའི་སྐོར་ཁྱེད་ཀྱིས་ཞིབ་ཕྲ་གསུང་གནང་རོགས།

Share this:
༣༤ ཀློག་གྲངས།