ད་ལེན་གྱི་འོས་བསྡུའི་ལས་རིམ་ལ་མི་མང་ནས་འགན་ཁུར་གཙང་ལེན་གནང་བའི་དགོས་དམིགས།

རྒྱུ་མཚན་དེ་ལ་བསྟེན་ནས་ད་ལེན་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་སུ་འདྲ་ཞིག་བདེམས་ཐོན་བྱུང་བ་ཡིན་ན་དེ་བསྔར་ནང་བཞིན་འོས་ཀྱི་རྒྱལ་ཁ་ནི་རང་ཉིད་ལ་ཐོབ་སོང་བསམ་པའི་ཐོག་ནས་བོད་སྤྱི་པའི་འགན་ཁུར་འཐུས་ཤོར་གཏང་ན་མ་འགྲིག་པ་རེད། གང་ཡིན་ཟེར་ན་མི་མང་གི་གོང་ཞུས་ལྟར་གང་ཟག་འོས་མིའི་ཁེ་ཕན་གྱི་ཆེད་དུ་མིན་པ་མ་འོངས་བོད་ཀྱི་གནས་སྟངས་འགྱུར་བ་ཞིག་ཡོང་བའི་རེ་བས་སོ། ད་ལེན་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་ཡང་བསྔར་དང་མི་འདྲ་བའི་འགན་ཁུར་ལྗིད་པོ་ཞིག་ཕྲག་སྟེང་དུ་བབས་ཡོད་པ་རེད།དེ་ལ་མི་མང་ནས་ཀྱང་གུས་རྩི་དང་ལེན་དང་།གྲོས་ཚོགས་ནས་ཀྱང་འཐུས་རྐྱེན་བསྐྲུན་དགོས་པས་མ་ཚད་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་དགོན་སྡེ་གྲ་ཚོང་ཚང་མས་ཕྱག་དཔུང་མཉམ་འདེད་གནང་དགོས་པ་ཡང་རང་འཁྲིའི་ལས་འགན་ལ་སོངས། མ་འོངས་བོད་མི་དབུ་ཁྲིད་སུ་འདྲ་ཞིག་བྱུང་བ་ཡིན་ན་ལས་དོན་གཙང་མ་གནང་དགོས་པ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་ཡང་བལྟ་གཏོག་གནང་དགོས་པ་ཡང་གལ་ཆེན་མཐོང་། གང་ཡིན་ཟེར་མི་མང་མེད་པའི་གཞུང་ལུགས་ཞིག་ཡོང་ཐབ་མེད་པས་བཤམ་འོག་གིས་མི་མང་ལ་གཟིིགས་གཏོགས་གནང་བ་གལ་ཆེན་རེད་སྙམ།བོད་དོན་བག་ཡོད།

Share this:
༥༨ ཀློག་གྲངས།