བལ་ཡུལ་དུ་ཆོས་ལུགས་རིས་མེད་ཐོབ་ཐང་འདྲ་མཉམ་བྱེད་རྒྱུ་ཡིན་ཟེར།

དེ་ཡང་བལ་ཡུལ་དུ་ཟླ་འདིའི་ཚེས་༡༠ ཉིན་སྲིད་བློན་Jhalanath Khanal མཆོག་Kirant Rai རྒྱལ་སྤྱིའི་ལྷན་ཚོགས་ཞིག་གི་སྒོ་འབྱེད་སར་ཕེབས་ནས་གཏམ་བཤད་སྤེལ་སྐབས། ཁོང་གིས་རྒྱལ་སྤྱིའི་རང་བཞིན་གྱི་བགྲོ་གླེང་ལྷན་ཚོགས་ཀྱིས་བལ་ཡུལ་གསར་པ་བསྐྲུན་རྒྱུར་གལ་ཆེའི་དགོངས་ཚུལ་ཁྱེར་ཡོང་རྒྱུར་རེ་བ་བྱེད་བཞིན་པ་དང་། མི་རིགས་སྣ་མང་འདུས་བའི་བལ་ཡུལ་སྤྱི་ཚོགས་འགྲིག་མཐུན་ཡོང་རྒྱུར་ནུས་པ་འདོན་ཐུབ་དགོས་སྐོར་གསུངས་ཡོད་པ་རེད།
དུ་དུང་མི་རིགས་སྤྱི་འབངས་ཚང་མའི་མངོན་འདོད་ལྟར་བལ་ཡུལ་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོ་ཆེད་ཚང་མས་མཐུན་འགྱུར་དང། ཁོར་ཡུག་བསྐྲུན་དགོས་ལ། གསར་བཟོ་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པའི་ནང་རྒྱལ་ནང་གི་མི་རིགས་ཚོགས་སྡེ་ཁག་གི་ཆོས་ལུགས་རིས་མེད་དང་ཐོབ་ཐང་འདྲ་མཉམ་གཏན་འབེབས་ཡོང་ཐབས་བྱེད་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་ཨ་རི་དང་། དབྱིན་ཡུལ། ཀོ་རི་ཡ་། རྒྱ་གར་སོགས་རྒྱལ་ཁབ་ཁག་བཅུ་གཅིག་ཙམ་གྱི་ཚོགས་ཞུགས་པ་དང་འཐུས་མི་མཉམ་ཞུགས་བྱས་ཡོད་འདུག།།

Share this:
༨༧ ཀློག་གྲངས།