ཁམས་པའི་བོད་སྐད་བརྙན་འཕྲིན་གྱིས་ལེ་ཚན་གསར་བ་ གསུམ་ བསྣན་པ།

ཁམས་པའི་བརྙན་འཕྲིན་གྱི་མདོ་འཛིན་པ།

བྱམས་པའི་ཁ་བརྡནི་གཙོ་ཆེར་བོད་ཀྱི་ ལག་བཟོ་སྒྱུ་རྩལ་སྐོར་གྱི་རིག་གནས་བཅར་འདྲིའི་ལེ་ཚན་ཡིན་ཞིང་། མིང་དུ་གྲགས་པའི་མདོ་འཛིན་པ་བྱམས་པ་རྡོ་རྗེ་ཡིས་མདོ་འཛིན་བྱེད་པ་སྟེ། བོད་ཁུལ་གྱི་གླུ་གར་འཁྲབ་སྟོན་པ་དང་། རིག་གནས་ཆེད་མཁས་པ། རིག་གནས་སྒྱུ་རྩལ་པ་སོགས་ལ་གླེང་མོལ་གྱི་ཚུལ་དུ་ཉིང་བཅུད་ལྡན་པའི་བོད་ཀྱི་ ལོ་རྒྱུས་རིག་གནས་ཁག་མང་ཚོགས་ལ་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།


བྱམས་པའི་ཁ་བརྡལེ་ཚན་གྱི་མདོ་འཛིན་པ་བྱམས་པ་རྡོ་རྗེ།

འཆི་མེད་དུས་ཚོདནི་གསར་འགྱུར་བཅར་ འདྲིའི་ལེ་ཚན་ཏེ། མིང་དུ་གྲགས་པའི་བུད་མེད་མདོ་འཛིན་པ་འཆི་མེད་དབང་མོས་མདོ་འཛིན་བྱེད་པ་དང་ ཆབས་ཅིག་ཏུ་པར་གཞི་བཟོ་འགོད་ཀྱི་འགན་བཞེས་ལ། ལེ་ཚན་འདིས་གཙོ་ཆེར་བོད་ཁུལ་དུ་མང་ཚོགས་ཀྱིས་ལྟ་རྟོག་བྱེད་ཤུགས་ཆེ་བའི་གསར་ འགྱུར་གནད་དོན་གལ་ཆེན་ཁག་དང་། བོད་ཁུལ་གྱི་དམངས་འཚོའི་སྐོར་སྤེལ་གྱི་ཡོད་ཅིང་། བོད་ཁུལ་འཕེལ་རྒྱས་ནང་ཁྱད་དུ་འཕགས་པའི་མི་སྣ་རྣམས་ལ་ཐད་ཀར་གླེང་མོལ་བྱས་པ་ བརྒྱུད་དེ་བོད་ཁུལ་མང་ཚོགས་ཀྱི་ཉེ་འཁོར་ན་འབྱུང་བཞིན་པའི་གནད་དོན་ཁྱབ་ བསྒྲགས་བྱེད་པ་ཡིན།


Share this:
༡༡༨ ཀློག་གྲངས།