རྒྱ་ནག་གིས་བལ་བོའི་ཡུལ་མི་ ༣༥ བཙོན་འཇུག

བལ་ཡུལ་ཀཱང་ཏེ་པུར་གསར་ལས་ཁང་གིས་ལྷ་སར་བཅའ་སྡོད་བལ་ཡུལ་དོན་གཅོད་ཁང་གི་ཡིག་ཆ་གཞིར་བཟུང་གནས་ཚུལ་སྤེལ་བའི་ནང་བོད་ནང་དུ་མི་ལོ་གཉིས་ནས་ཚེ་བཙོན་སོགས་ཉེས་ཆད་འདྲ་མིན་ཕོག་པའི་བལ་པོའི་མི་སེར་ ༣༥ ཙམ་ཡོད་པ་དང་། དེ་དག་གི་གྱོད་དོན་ནག་ཉེས་གཙོ་བོ་ཐ་མ་ནག་པོ་བེད་སྤྱོད་ཉོ་ཚོང་དང་། ནག་ཚོང་། མི་གསོད། འཕྲོག་བཅོམ། རྒྱལ་མཚམས་བརྒལ་བ་སོགས་ཡིན་འདུག

ལྷ་སར་བཅའ་སྡོད་བལ་ཡུལ་དོན་གཅོད་ཁང་གིས་བལ་ཡུལ་གཞུང་གི་འབྲེལ་ཡོད་ལྷན་ཁང་ལས་ཁུངས་བརྒྱུད་བཙོན་པ་དེ་དག་གི་ནང་མི་ཚོར་ཞིབ་ཕྲའི་གནས་ཚུལ་གསལ་བཤད་བྱས་ཐོག ཁོང་ཚོའི་ངོས་ནས་ས་གནས་རྒྱ་ནག་གི་མཐོ་རིམ་ལས་ཁུངས་ཚན་པ་ཁག་ལ་འབྲེལ་བ་བྱས་ནས། བཙོན་པ་དེ་དག་གི་བཙོན་འཇུག་དུས་ཡུན་ཇེ་ཐུང་ལ་གཏོང་ཐབས་དང་། བཙོན་ཁང་དུ་ཁོང་ཚོར་དམིགས་བསལ་དགོས་ངེས་མཐུན་རྐྱེན་ཁག་གི་ཐད་དཀའ་ངལ་མེད་པ་ཡོང་ཐབས་འབད་བརྩོན་བྱེད་བཞིན་ཡོད་ཚུལ་འཁོད་འདུག།

བལ་ཡུལ་གསར་འགོད་པས།

{jcomments on}

Share this:
༦༢ ཀློག་གྲངས།