འཇིགས་སྐུལ་རིང་ལུགས་པ་ཨོ་སཱ་མ་བྷིན་ལཱ་དྷན་བསད་པ།

osama_binladen02ཕྱི་ཟླ་༥ ཚེས་པའི་༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བྷིན་ལཱ་དྷན་གསོད་སའི་ས་ཆ་ནི། པཱ་ཀི་སི་ཐན་གྱི་རྒྱལ་ས་ཨེ་སི་ལཱ་མ་བྷ་དྷིའི་གྲོང་ཁྱེར་གྱི་ཉེ་འདབས། མི་ཚང་སྒེར་གྱི་གཞིས་ཀ་ཆེན་པོ་ཞིག་ཏུ་ཡོད་པ་ཨ་རིའི་གསང་བའི་དམག་མིས་ཧ་གོ་ནས་གློ་བུར་དུ་འཇབ་རྒོལ་གྱིས་བཀྲོངས་ཡོད་པ་རེད། བྷིན་ལཱ་དྷན་ནི་ཨ་རིའི་འཇིགས་སྐུལ་རིང་ལུགས་པ་ཚབས་ཆེ་ཤོས་ཀྱི་གྲལ་རིམ་དུ་བཞག་ཡོད་པ་དང། ཁོའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨལ་ཁཱ་དྷས་ཕྱི་ལོ་༢༠༠༡ ལོའི་ཟླ་༩ པའི་ཚེས་༡༡ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་ཚོང་འབྲེལ་ཁང་ཆེན་གཉིས་གཏོར་བཅོམ་བཏང་སྟེ་མི་མང་༣༠༠༠ ལྷག་ཙམ་བསད་ཡོད་པ་རེད།

ཟླ་འདིའི་ཚེས་༢ ཉིན་གྱི་ཞོགས་པ་ཨ་རིའི་སྲིད་འཛིན་གྱིས། ཨོ་སཱ་མ་བྷིན་ལཱ་དྷན་བཀྲོངས་པའི་སྐོར་གཞུང་འབྲེལ་གྱི་གསལ་བསྒྲགས་བྱས་པའི་སྐབས་གསུང་དོན། བྷིན་ལཱ་དྷན་གསོད་ཐུབ་པ་དེ་ནི་ཨ་རིའི་རྒྱལ་ཁབ་ནང་ལོ་རྒྱུས་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། བདེན་དོན་གྱི་མཐའ་གསལ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་དང། ངས་དེ་རིང་ངས་ཨ་རིའི་མི་མང་དང་འཛམ་བུ་གླིང་ལ་བཤད་ཐུབ་པ་ནི། འཇིགས་སྐུལ་རིང་ལུགས་པ་བྷིན་ལཱ་དྷན་བསད་པ་དེ་ནི། ཉེས་མེད་མི་མང་སྟོང་ཕྲག་སྟེ། དཔེར་ན། བུད་མེད་དང་ཕྲུ་གུ་སོགས་དོན་མེད་སྐུ་སྲོག་བཀྲོངས་མཁན་ལག་དམར་བ་དེས་འགན་ཁུར་དགོས་པ་ཞིག་ཏུ་ངོས་འཛིན་གྱི་ཡོད་ཅེས་བསྒྲགས་ཡོད་པ་རེད།།

{jcomments on}

Share this:
༤༨ ཀློག་གྲངས།