བོད་རིགས་ཚོགས་པ་དང་བོད་ཁང་དབར་གྱི་རྩོད་རྙོག་འདུམ་སྒྲིག

བར་ལམ་ཞིག་ནས་སི་ནེ་བོད་རིགས་ཚོགས་པ་དང་ས་གནས་དེའི་བོད་ཁང་གཉིས་ཀྱི་བར་ས་གནས་སུ་ལས་དོན་བྱེད་སྐབས་ཚོགས་པའི་མིང་བེད་སྤྱོད་བྱེད་སྟངས་དང། བོད་ཁང་གི་བདག་དབང་སོགས་ཀྱི་སྐོར་ལ་རྩོད་རྙོག་འདྲ་མིན་ཞིག་བྱུང་སྟེ། རྒྱུན་རིང་འགོར་ཡོད་ནའང། ད་ལྟ་ཕྱོགས་གཉིས་ཀས་གྲོས་བསྡུར་བྱས་ཏེ། གླེང་རྙོག་རིགས་གཙང་སེལ་ཐུབ་པ་མ་ཟད། མ་འོངས་པའི་ལས་དོན་བྱེད་ཕྱོགས་གཉིས་མོས་ཀྱིས་ཐག་གཅོད་བྱུང་ཡོད་པ་རེད།

བོད་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྡོ་རྗེས་ས་གནས་ཀྱི་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ས་གནས་མང་ཚོགས། དེ་བཞིན་བོད་ཁང་དེའི་འགན་འཛིན་རྡོ་རྗེ་དགྲ་འདུལ་སོགས་རྒྱུན་ལས་ཚོར་ཐད་ཀར་དཀའ་རྙོག་དེ་སེལ་ཐུབ་ཆེད་གྲོས་བསྡུར་རིམ་པ་བཞིན་བྱས་ཡོད་པ་དང། སྐུ་ཚབ་དོན་གཅོད་མཆོག་གིས་ཀྱང་གནད་དོན་འདི་སེལ་ཐབས་ཆེད་ཚོགས་པ་གཉིས་ཀྱི་བསམ་ཚུལ་དང་ལངས་ཕྱོགས་སོགས་ལ་ཞིབ་པར་བརྟག་སྟེ་བར་འདུམ་བྱས་ཡོད་པ་རེད། ཚོགས་པ་གཉིས་ཀྱི་ངོས་ནས་ཀྱང་སྐུ་ཚབ་དོན་གཅོད་ཀྱི་བར་འདུམ་བྱས་པར་བརྩི་བཀུར་བྱས་ཡོད་པ་མ་ཟད། ཕན་ཚུན་འགྲིག་མཐུན་ཡོང་བའི་ཐད་ལ་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་བོད་ཁང་གི་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་སོགས་རྒྱུན་ལས་ཚོར་དོན་ཚན་བདུན་ཡོད་པའི་ཡིག་ཆ་ཞིག་བཞག་པའི་ཐོག་ཕན་ཚུན་གཉིས་མོས་ཀྱིས་མིང་རྟགས་བཀོད་ཡོད་པ་རེད་འདུག

བོད་རིགས་ཚོགས་པས་བོད་ཁང་ལ་བཞག་པའི་དགོས་འདོན་དོན་ཚན་བདུན་ནི།
དང་པོ། ཨོ་སི་ཁྲུ་ལི་ཡphto by kunrigའི་བོད་ཁང་འདི་བཞིན་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་འོག་བོད་རིགས་མི་མང་ལ་རོགས་སྐྱོར་དང་བདེན་དོན་ཆེད་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན།
གཉིས་པ། སི་ནེ་བོད་རིགས་མི་མང་ནས་འོས་འདེམས་བྱས་པའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་ཐོག་ཚོགས་གཙོ་དང་དྲུང་ཆེ་གཉིས་ལས་རྒྱུན་རིང་འོས་འདེམས་མི་དགོས་པའི་ཐོག་བོད་ཁང་གི་རྒྱུན་ལས་ཡིན་དགོས་པ།
གསུམ་པ། སི་ནེ་བོད་རིགས་མི་མང་ནས་འོས་འདེམས་བྱས་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་ཐོག་གཞན་རྣམས་ལས་རྒྱུན་རིང་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འོས་བསྡུ་བྱེད་མི་དགོས་པར་རང་བཞིན་གྱིས་ཆགས་རྒྱུ།
བཞི་པ། བོད་ཁང་འདི་བཞིན་རྗེས་མ་སྒེར་གྱི་བདག་དབང་དུ་འགྲོ་ཐབས་མེད་པ།
ལྔ་པ། གལ་སྲིད་བོད་ཁང་འདི་རྒྱུན་འཁྱོངས་བྱེད་མ་ཐུབ་ཚེ་དེའི་རྒྱུ་དངོས་ཇི་ཡོད་བོད་རིགས་མཐུན་ཚོགས་ལ་དབང་དགོས་པ།
དྲུག་པ། ཚོགས་སྡེ་གཉིས་ནས་ཕན་ཚུན་མོས་མཐུན་བྱུང་རྗེས་སྒྲིག་གཞི་བསྐྱར་བཅོས་དགོས་རིགས་ངེས་པར་དུ་བསྐྱར་བཅོས་བྱ་དགོས།
བདུན་པ། བོད་རིགས་མཐུན་ཚོགས་དང་བོད་ཁང་གཉིས་མཉམ་རུབ་ཀྱིས་ལས་དོན་འགོ་བཙུགས་རྗེས། བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་དྲུང་ཆེ་རྣམ་གཉིས་སློབ་སྟོན་པར་གདན་ཞུ་བྱ་རྒྱུ་བཅས་ཡིན། ཞེས་གནད་དོན་འདི་དག་ལ་ཕྱོགས་གཉིས་ཀས་ངོས་ལེན་བྱས་ཡོད་པ་རེད།

དེར་བརྟེན་འདི་ཟླའི་ཚེས་༡༤ ཉིན་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཁང་གི་རྒྱུན་ལས་རྣམས་དང་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས། དེ་བཞིན་ཨོ་སི་ཁྲུ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་རྣམ་གཉིས། ས་གནས་བོད་རིགས་མི་མང་བཅས་རྒྱས་འཛོམས་ཐོག་གླེང་རྙོག་བསལ་ཡོད་པའི་གསལ་བཤད་ཀྱི་ཚོགས་འདུ་དང་པོ་དེ་འཚོགས་སོང་།

ཚོགས་འདུའི་ཐོག་ནས་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་གིས་གསུང་དོན། བོད་རིགས་ཚོགས་པ་དང་བོད་ཁང་གཉིས་ཀྱི་མི་མཐུན་པའི་འགལ་ཟླ་ཚང་མ་ཉི་མ་དེ་རིང་ནས་སེལ་ཚར་བ་རེད་ལ། ས་གནས་མི་མང་གིས་ངོས་ནས་དོགས་པ་རྣམ་རྟོག་རྩ་བ་ནས་མི་དགོས་པར་གཙང་མ་ཆགས་ཚར་བ་རེད། ད་དུང་མ་འོངས་པའི་བོད་རིགས་ཚོགས་པའི་ཁྱབ་འོག་གི་མི་མང་རྣམས་ཀྱིས་འོས་འདེམས་བྱས་པའི་རྒྱུན་ལས་རྣམས་བསྐྱར་དུ་འོས་འདེམས་མི་དགོས་པར་བོད་ཁང་གི་འགན་འཛིན་ལྷན་ཚོགས་རང་བཞིན་གྱིས་ཆགས་ཡོད་པ་རེད། ད་ནས་བཟུང་སྐབས་སོ་སོའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་བོད་ཁང་ནང་དུས་ལྟར་འོས་འཕེན་སོགས་གང་ཡང་མི་དགོས་པར་རྒྱུན་ལས་ཆགས་ཀྱི་ཡོད་པ་རེད། གལ་སྲིད་མ་འོངས་པར་བོད་ཁང་སྒོ་རྒྱག་དགོས་བྱུང་བའི་གནས་སྟངས་ཤིག་སླེབས་ན་དེའི་སྐབས་རྒྱུ་དངོས་ཡོངས་རྫོགས་སི་ནེ་བོད་རིགས་ཚོགས་པ་ལ་དབང་གི་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ས་གནས་མང་ཚོགས་ཁྱོད་རང་ཚོས་ནམ་ཡང་སེམས་ཁྲལ་བྱེད་མི་དགོས་པ་ཞིག་རེད་ཅེས་གསལ་བཤད་གནང་སོང་།

དེ་བཞིན་བོད་ཁང་ཚོགས་གཙོ་རྡོ་རྗེ་དགྲ་འདུལ་གྱིས། མ་འོངས་པར་བོད་ཁང་གི་ལས་དོན་བྱེད་ཕྱོགས་ཅི་ཞིག་འགྲིག་མིན་དེ་ང་ཚོ་མི་རེ་ཟུང་གིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། བོད་རིགས་ཚོགས་པ་དང་ས་གནས་བོད་མི་ཐུན་མོང་གིས་རོགས་འདེགས་བྱེད་རྒྱུ་གལ་ཆེན་པོ་རེད།  རྩ་བའི་ངས་བོད་ཁང་བཙུགས་དགོས་པ་དེ་ང་ཚོ་བོད་པ་ཚང་མའི་ཆེད་དུ་རེད་མ་གཏོགས་སྒེར་བདག་ཅན་ལ་བསྒྱུར་གྱི་ཡོད་པ་མ་རེད་ཅེས་བོད་རིགས་ཚོགས་པ་དང་བོད་ཁང་བར་གྱི་འབྲེལ་བའི་སྐོར་ངོ་སྤྲོད་གནང་སོང་།

དེ་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོས། ཚོགས་པ་གཉིས་ཀྱི་གནས་སྟངས་དང་ཞི་འགྲིག་བྱུང་སྟངས་སྐོར་ངོ་སྤྲོད་དང་འབྲེལ། ད་ལྟ་ནས་བཟུང་བོད་རིགས་ཚོགས་པ་དང་བོད་ཁང་གཉིས་སྒྲིག་འཛུགས་གཅིག་ཡིན་པ་ལས། གཉིས་མེད་སྐོར་འགྲེལ་བརྗོད་གནང་སོང་།

འདི་ནི་སི་ནེ་བོད་རིགས་ཚོགས་པ་དང་བོད་ཁང་དབར་གྱི་ཡུན་རིང་ལྷག་པའི་རྩོད་རྙོག་དེ་རྩ་ནས་མེད་པ་ཆགས་པ་ཞིག་རེད་ལ་ས་གནས་བོད་མི་ཚོ་བློ་བདེ་པོ་བྱུང་ཡོད་པ་རེད།།

ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས། ཨོ་སི་ཁྲུ་ལི་ཡི་སི་ནེ་གྲོང་ཁྱེར་ནས། ཕྱི་ལོ་ 2011 ཟླ་ 5་ཚེས་ 15 ལ༎

{jcomments on}

Share this:
༥༠ ཀློག་གྲངས།